| e-texts navigator |
| Wylie |
205a1 སྨྲས་པ། མྱི་རྣམས་དང་འདྲ་བར་གྱུར་ད་པ་དང་། གྲོག་སུ་གྱུར་པ་རྣམས་དང་། སྐལ་བ་མཉེ་བ་དང་། གནས་ཐོབ་པ་དང་། གཞི་ཐོབ་པ་དང་། སྐྱེ་མཆེད་ཐོབ་པ་དང་། མྱི་འདིར་སྐྱེས་པ་རྣཾས་ཀྱི་མ་བསླབས
205a2 ལ་ལུང་དུ་མ་བསྟན་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་མྱིའི་འགྲོ་བ་ཞེས་བྱའོ།། གཞན་ཡཔ་ལུས་ཀྱི་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར
205a3 སྤྱོད་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་ཆུང་ངུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ཕྱིར་འགྲོ་ཞིང་མྱི་རྣམས་ཀྱི་ནང་དུ་སྐྱེ་སྟེ། མྱི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི་མྱིའི་འགྲོ་བ་ཞེས་བྱའོ།། གཞན་ཡང
205a4 མྱིང་དང་རྣམ་པའི་ཚིག་དང་། ཚིག་བླ་དགས་དང་། མྱོང་དུ་གདགས་དཔ་དང་། ཀུན་ཏུ་རིག་པ་དང་། གདགས་པ་དང་། ཐ་སྙད་ཀྱི་མྱིའི་གྲོ་བ་ཡང་མྱིའི་འགྲོ་བ་ཞེས་བྱའོ།། འགྲོ་བ་གང་ལ་སྐྱེ་གནས་དུ
205a5 ཡོད་ཅེ་ན། སྨྲས་པ། སེམས་ཅན་དམྱལ་བ་རྣཾས་ནི་རྫུས་ཏེ་སྐྱེ། བའི་སྐྱེ་གནས་གཅིག་ཏུ་ཡོད་དོ།། དུད་འགྲོ་རྣམས་ལ་སྐྱེ་གནས།། དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ།། ཡི་དགས།
205a6 རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་ཏུ་ཡོད་དོ།། ལ་ལ་ན་ཡི་དགས་རྣམས་ལ་མངལ་ན་སྐྱེ་བ་ཡང་ཡོད་དོ་ཞེས་ཟེར་བ་ཡང་ཡོད་དོ།། ཇི་ལྟར་ན་སྨྲས་པ། དཔེར་ན་ཡི་དགས་མོ་ཞིག
205a7 གིས་ཚེ་དང་ལྡན་པ་མོའུ་འགལ་གྱི་བུའི་མདུན་དུ་ཚིགས་སུ་བཅད་པ་སྨྲས་པ།། འདིར་ནི་ཉིན་མོ་བུ་ལྔ་བཙས།། མཚན་མོ་གཞན་ལྔ་བཙས་གྱུར་ནས།། ཟོས་སུ་ཟིན་ཀྱང་དེ་དག་གིས།། བདག་ནི་འདྲངས་པར་མ་གྱུར
205a8 ཏོ།། ཞེས་སྨྲས་པ་ལྔའོ།། སྤུ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་ཅིག་པུ་ཡོད་དོ།། མྱི་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དེ། མྱི་ནས་ལ་སྒོ་བ་ལས
205a9 སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་འཛམ་བུའི་གླིང་པོའི་ཚོང་པ་མང་པོ་རྒྱ་མཚོའི་འགྲམ་ནས་བསྐོར་བ་རྣཾས་ཀྱིས། ཁྲུང་ཁྲུང་གཞོ་ནུ་མ་གཉིས་མཐོང་བ་ལས། གཅིག་ནི་བྲོས་གཅིག་ནི་དེ་དག་གིས