| e-texts navigator |
| Wylie |
204b1 བ་ནས་སྐྱེ་མཆེད་ཐོབ་པའི་བར་དང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེས་སྐྱེས་པ་རྣམས་ཀྱིས་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ནས། རྣམ་པར་ཤེས་པའི་བར་གང་ཡིན་པ་རྣམས་དེ་ཡང་དུད་འགྲོ།
204b2 ལི་འགྲོ་བ་ཞེས་བྱའོ།། གཞན་ཡང་ལུས་ཀྱི་ལས་དང་། ངག་གི་ལུས་དང་། ཡིད་ཀྵི་ལས་ཡོན་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས།། དུད་འགྲོབ་འགྲོ་ཞིང་དུད་འགྲོ་རྣམས་སུ་སྐྱེ་སྟེ། དུད་འགྲོ།
204b3 རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་དུད་འགྲོའི་འགྲོ་བ་ཞེས་བྱའོ།། གཞན་ཡང་མྱིང་དང་རྣམ་པ་དང་ཚིག་དང་། ཚིག་ཐ་དགས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ།། ཡི་དགས་ཀྱི་འགྲོ་བ་གང་ཞེ་ན། སྨྲས
204b4 ཡི་དགས་དང་འདྲ་བ་པོ་གྱུར་པས་ན། སྐྱེ་མཆེད་ཐོབ་པའོ། བར་གང་ཡིན་པ་དང་། ཡི་དགས་དེར་སྐྱེས་པ་རྣམས་ཀྱིས་བསྒྲིབས་དཔ་ལུང་དུ་མ་བསྟན་པའི་གཟུགས་ནས། རྣམ་པར་ཤེས་པ
204b5 གང་ཡིན་པ་དེ་ཡང་ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ།། གཞན་ཡང་སེར་སྣ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མ་པ་དུ་བྱས་པས་ཡི་དགས་སུ་འགྲོ་ཞིང་ཡི་དགས་རྣམསུ་སྐྱེ་སྟེ། ཡི་དགས་རྫས
204b6 སུ་ཉིང་མཚམ་སུ་སྦྱོར་བ་དེ་ནི། ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ། གཞན་ཡང་མྱོང་དང་རྡ་པའི་ཚིག་དང་། ཚིག་བླ་དགས་ཞེས་བྱ་བ་ནས་སྔ་མ་བཞོན་དུ་སྦྱར་རོ།། ལྷའི་འགྲོ་བ་ཀང་ཞེ་ན། སྤྲས་པ
204b7 ལྷ་རྣམས་དང་འདྲ་བར་གྱུར་པས་ན་སྐྱེ་མཆེད་ཐོབ་པའི་བར་དང་། ལྷ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་པ་ལ་ལུང་མ་བསྟནད་པའི་གཟུགས་ནས། རྣཾ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་ལྷའི་འགྲོ་བ
204b8 ཞེས་བྱའོ།། གཞན་ཡང་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་ཆེན་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས། ལྷུར་འགྲོ་ཞིང་ལྔ
204b9 རྣམས་ཀྱི་ནང་དུ་སྐྱེ་སྟེ། ལྷ་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི་ལྷའི་འགྲོ་བ་ཞེས་བྱའོ།། གཞན་ཡང་མྱིང་དང་རྣམ་པའི་ཚིག་ཅེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ།། མྱིའི་འགྲོ་བ་གང་ཞེ་ན