e-texts navigator
Collection
Volume
Page
Wylie

204a1 བ་མྱེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་འར་འགྲུབ་ཅིང་མ་བྱུང་བ་རྣམས་ཏེ། དེ་དག་གང་ཞེ་ན། སྤྲས་པ། ལྷ་ཐམས་ཅད་དང་། སེམས་ཅན་དམྱལ་བ་ཐམས
204a2 ཅད་དང་། བར་མ་དོལ་སྲིད་པ་ཐམས་ཅད་དང་། ཀྲུ་ཁ་ཅིག་དང་། ནམ་མཁལ་ལྡི་པ་ཁ་ཅིག་དང། ཡི་དགས་ཁ་ཅིག་དང་། མྱི་ཁ་ཅིག་དང་། གཞན་སེམས་ཅན་གང་དག་ཡན་ལག་དཔ་ཉི་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་མ་ཚང
204a3 བ་མྱེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཞེས་བྱའོ།། འགྲོ་བ་ལྔ་ནི་འདི་ལྟ་སྟེ། སེམས་ཅན
204a4 དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷ་དང་། མྱིའོ།། སེམས་ཅན་དམྱལ་བའི་འགྲོ་བ་གང་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་པ་རྣམས་དང་། འདྲ་བར
204a5 གྱུར་པ་དང་། གྲོགས་སུ་གྱུརྡ་པ་དང་། བསྐལ་བ་མཉམ་པ་དང་། གནས་ཐོབ་པ་དང་། གཞི་ཐོབ་པ་དང་། སྐྱེ་མཆེད་ཐོབ་པ་དང་། སེམ། ས་ཅན་དམྱལ་བ་དེར་སྐྱེས་པ་རྣམས་ཀྱིས་མ་བསྒྲིབས་ལ། ལུང
204a6 དུ་མ་བསྟན་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། དུ་བྱེད་དང་། རྣམ་པར་ཤེས་པ་གང་ཡིན་པ་དང་། སེམས་ཅན་དམྱལ་བའི་འགྲོ་བ་ཞེས་བྱའོ།། གཞན་ཡང་ལུས་ཀྱི་ཉེས་པར་མྱོད
204a7 པ་དང་། ངག་གི་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་པྱོད་པ་ཆེན་པོ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། སེམས་ཅན་དམྱལ་བར་འགྲོ་ཞིང་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་སྟེ། སེམས
204a8 ཅན་དམྱལ་བ་རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་སེམས་ཅན་དམྱལ་བར་འགྲོ་བ་ཞེས་བྱའོ།། གཞན་ཡང་མྱིང་དང་། རྣམ་པ་གཅིག་དང་། ཚིག་བླ་དགས་དང་། མྱིང་དུ་གདགས་པ་དང་། ཀུན་ཏུ་རིག་པ་དང་། གདཀྲ
204a9 པ་དང་། ཐ་སྙད་ཀྱི་སེམས་ཅན་དམྱལ་བའི་འགྲོ་བ་ཡང་སེམས་ཅན་དམྱལ་བ་ཞེས་བྱའོ།། དུད་འགྲོ་ལ་འགྲོ་བ་ག་པ་ཞེ་ན། སྨྲས་པ།། དུད་འགྲོ་རྣམས་དང་། འདྲ་བར་གྱུར་ད་པ་རྣམས་དང་། གྲོགས་སུ་གྱུར་པ




iiif viewer powered by OpenSeadragon

203b - 204b

Texts on this page

Ng12.4 - rgyu gdags pa