| e-texts navigator |
| Wylie |
203b1 ཡང་དག་པར་འགྲུབ་ཅིང་འཐུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། གས་དང་། བོང་བུ་དང་། མ་ཧེ་དང་། རི་དགས་དགས་དང་། ཕག་ལས་མཚོགས་པ་དང་། ཀྲུ་ལ
203b2 ཅིག་དང་། ན་མཁའ་ལྡིང་ཁ་ཅིག་དང་། ཡི་དགས་ཁ་ཅིག་དང་། མྱི་ཁ་ཅིག་དང་། གཞན་ཡང་སེམས་ཅན་གང་དག་ཡངས་ན་སྐྱེ་བ་དང་། མངལ་ན་འདུག་པ་རྣམས་དང་། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང་།
203b3 མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་ནས་ཏེ། འདི་ནི་མངལ་ནས་སྐྱེས་པའི་སྐྱེ་གནས་ཤེས་བྱའོ།། དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང
203b4 ཞེ་ན། སྨྲས་པ། སེཾས་ཅན་གང་དག་པན་ཚུན་གྱི་དྲོད་དང་། ཕན་ཚུམ་ཀྱི་མེ་དང་། ཕན་ཚུན་གྱི་རྡུལ་དང་། ཕམ་ཚུན་གྱི་གནོད་པ་དང་། ཕན་ཚུན་ཙི་རི་བས་ཉམ་ཉིས་ཀྱི་ཕུང་པོ་ལ་བརྟེན་ནས། སྟོར་ཁུང་ངམ
203b5 ཕྱི་སའི་གནས་སམ། ཤ་རུལ་ལམ། ཉ་རུལ་ལ། ཟན་དྲོན་རུལ་པའཾ་སྟུག་པོ་འམ། ནགས་ཚལ་སྟུག་པོ་འམ། རཱའི་སྱཻ་ལ། པོ་འམ། ལོ་མའི་སྤྱིལ་པོ་ལཾ། ཆུ་རུལ་པ་འམ། ཁྱིམ
203b6 གྱི་སང་སེད་དེ། སྦྲང་མའི་ཚད་ལས་བསྟེན་ནམ། སྐྱེ་ཞིང་ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ།
203b7 སྲིན་བུ་དང་། སྐུར་བུ་དང་། ཕྱེ་མ་ལ་བ་དང་། སྦྲང་བུ་མཆུ་རིངས་དང་། ཏིལི་དང་། ཕུབ་མ་དང་། ཤིང་ཟ་བ་ལས་བ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནེམཁའ་ལྡིང་ཁ་ཅིག་དང་། མྱི་ཁ་ཅིག་དང་། གཞན་ཡང་སེཾས་ཅན
203b8 གང་དག་པར་ཆུད་ཀྱི་དྲོད་དང་། ཕམ་ཚུད་གྱི་མེ་དང་། ཕྲན་གྱི་རྡུལ་དང་། ཕན་ཚུན་གྱི་གནོད་པ་དང་། ཕན་ཚུར་བམིགས་སྐྱེ་ཞིང་། ཀུན་ཏུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་མངོན་པར་འབྱུར
203b9 པ་རྣམས་ཏེ། དེ་ནི་དྲོད་གཤེར་ལས་སྐྱེ་བ་སྐྱེ་གནས་ཞེས་བྱའོ།། རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང