e-texts navigator
Collection
Volume
Page
Wylie

189a1 པས་ན་དེའི་ལུས་སུ་ཞིང་མྱི་མཉེན་ནོ།། གསོན་པོའི་ཁོང་ན་འདུག་པའི་མྱེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་པས་ན་དེའི་ལུས་མཉེན་ཞིང་ཡང་སྟེ་ཆུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱིར་འཚོ
189a2 ཞིང་གསོན་ཏེ་འདུག་ཅིང་སྟོད་པས་ཟོས་པ་ཞུ་བར་གྱུར་ད་ལ། ཤི་སྟེ་ཤི་བར་འགྱུར་བའི་ཞུ་བར་མྱི་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྟོད་པ་ནི་ཁོང་ན་འདུག་པའི་མྱེའི་ཁམས་དང་། ཆུའི་ཁམས་དང་། རླུང
189a3 གི་ཁམས་འགགས་ཏེ། ཆུས་ནི་དེས་ཟོས་པ་དེ་སྲུལ་བར་བྱེད། མྱེས་ནི་ཡོངས་སུ་ཆོས་པར་བྱེད། ཅུང་གིས་ནི་རློང་བར་བྱེད་པས་ན། དེས་ཟོས་པ་དེ་ཞུ་བར་འགྱུར་རོ།། ཤི་སྟེ་ཤི་བར་གྱུ་རད་པ་ནི་ནང་ན་འདུག་པའི་མྱེའི
189a4 ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་རྣམས་འགགས་ཏེ། དེས་ཟོས་པ་དེའི་མུ་དེས་སྤྲུལ་བར་མྱི་བྱེད། སྐྱེས་ཡོངས་སུ་ཚོས་པརམྱི་བྱེད། རླུང་གིས་རྣམ་པར་སྤོང་བར་མྱི་བྱེད་པས་ན། དེས་ཟོས
189a5 པ་དེ་ཞུ་བར་མྱི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱིར་ཚོ་ཞིང་ག་སོམས་འདུག་ཅིང་སྡོད་པའི་ལུས་མྱི་འདྲུལ་ལ། ཤི་སྟེ་ཤི་བར་གྱུརྡ་པའི་ལུས་འདྲུལ་བར་འགྱུར་ཞེ་ན། སྤྲས་པ།
189a6 འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ཡི་ནི་ཁོང་ན་འདུག་པའི་མྱེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་ཏེ། དེའི་འཐུན་པའི་རྒྱུའི་ཁམས་དེ་ཟད་པར་བྱེད་པས་མ། དེའི་ལུས་མྱི་འདྲུལ་ལོ།། ཤི་སྟེ་ནི
189a7 བར་མྱུ་ར་པའི་ཁོང་ན་འདུག་པའི་མྱེའི་ཁམས་དང་། རླུང་གི་ཁམས་འགགས་ཏེ། དེའི་འཐུན་པའི་རྒྱུའི་ཁམས་དེ་ཟང་པར་མྱི་བྱེད་བསན་དེའི་ལུས་འདྲུལ་བར་འགྱུར་རོ།། རྒྱ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།།
189a8 ཅིའི་ཕྱིར་འཚོ་ཞིང་གསོན་ཏེ། འདུག་ཅིང་སྡོད་པ་ལ་དབུགས་རྔུབ་པ་དང་དབུགས་འབྱུང་བ་ཡོད་པ་ལ་ཤི་སྟེ་ཤི་བར་གྱུར་ད་པ་ལ་མྱེད་ཅེ་ན། སྤྲས་པ། དབུགས་རྔུབ་པ་དང་དབུགས་འབྱུང་བ་རྣམས་ནི་སེམས་ལ་རག་ལས་པ་ཡིན་ཏེ།
189a9 འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པའི་ལུས་སེམས་དང་བཅས་པ་ཡིན་ལ། ཤི་བའི་ལུས་ནི་སེམས་མྱེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱི་རེ་འུག་པ་རྣམས་མཚན་མོ་མཐོ་ལ། ཉིན་མོ་མྱི་མཐོང




iiif viewer powered by OpenSeadragon

188b - 189b

Texts on this page

Ng12.4 - rgyu gdags pa