| e-texts navigator |
| Wylie |
188b1 བསལ་བའི་ཕྱིར་ཤས་ཆེར་སྤྲོ་བར་མྱི་བྱེད་དེ། འདོད་ཆགས་དང་བྲལ་བ་འཛིན་ནི། མྱི་གཙང་བ་མྱི་འབྱུང་ཞིང། ཁུ་ཆུ་འབྱུང་བར་མྱི་འགྱུར་ཏེ། དེའི་ལུས་ཀྱི་དབང་པོ་ཐམས་ཅད་དུ་མྱི་གཙང་བས་ཆུབ་པར་འགྱུར་བ་མྱེད་དེ། ག་ཏེ།
188b2 དེའི་ལུས་མྱེར་བསྲེགས་ཏེ། དེའི་ལུས་ལས་དྲི་ང་བ་མྱི་འབྱུང་ལ། སྭཱ་དབང་དེ་བར་གྲགས་པ་རྣམས་ཀྱང་། ལུས་ལས་མཆོད་ཅིང་དེའི་ལུས་དྲིང་བ་བསལ་བའི་ཕྱིར་གས་ཆེ་ར་སྤྲོ་བར་བྱེད་དོ།། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར
188b3 སྦར་རོ།། ཅིའི་ཕྱིར་འདོད་ཆགས་དང་བྲལ་བཞིན་ནི། སུས་རེངས་ཞིང་ཀྱི་མཉེན་པར་འགྱུར་ལ། འདོད་ཆགས་དང་བྲས་པའི་བའི་སུས་ནི་མཉེན་ཞིང་རེངས་པར་མྱི་འགྱུར་ཞེ་ན། སྨྲས་པ། འདོད་ཆགས་དང་མ་ཐལ་བཞིན་ནི
188b4 རླུང་ལྷོ་ནས་གྱེན་དུ་ལྡང་བས་ན་དེའི་ལུས་རེངས་ཤིང་མྱི་མཉེན་ནོ།། འདོད་དང་བྲལ་བ་འཆི་བ་ནི་རླུང་ལྷོ་ནས་གྱེན་དུ་མྱི་ལྡང་བསན། དེ་ལེ་ལུ་ས་མཉེན་ཞིང་རེངས་པར་མྱི་འགྱུར་ཏེ། རྒྱ་དེས་ན་ཞེས་བྱ་བ་ནས་རྒྱས
188b5 པར་སྦྱར་རོ།། ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་འབིབས་རླུང་ལྷོ་ནས་གྱེན་དུ་སྡུང་ས་འདོད་ཆགས་དང་བྲལ་བ་ཞིད་ནི་རླུང་ལྗོནས་གྱེན་དུ་མྱི་ལྡང་ཞེ་ན། སྨྲས་པ། འདོད་ཆགས་དངས
188b6 བྲལ་བ་འཆིབ་ན་ཕ་རོས་ཀྱི་སྐྱེ་བ་རྣམས་སུ་སེམས་རྗེས་སུ་གཏོང་ན་བརྗེས་སུ་འབྲང་སྟེ་རྗེས་སུ་ཆུང་བས་ན་རླུང་གིས་དེའི་སྲོག་ས་འབྱེད་པ་དང་། འཛུམས་པར་གྱུར་དུ་ལ། དེའི་སྙིང་གི
188b7 ཉེན་ཀོར་ཏུ་རླུང་འགག་པར་འགྱུར་ཏེ། དེ་ལྟར་ན་རླུང་དེའི་ལྷོ་ནས་གྱེན་དུ་ལྡང་ངོ་།། འདོད་ཆགས་དང་བྲལ་བ་འཆིམདི་ཕ་རོལྡ་ཀྱི་སྐྱེ་གནས་རྣམས་སུ་སེམས་རྗེས་སུ་མྱི་གཏོང་ཞིང་རྗེས་སུ་མྱི་འབྲང་སྟེ། རྗེས་སུ་མྱི་རྒྱུ
188b8 བས་ན་དེའི་མྱིག་རླུང་གིས་འབྱེད་པ་དང་། འཛུམས་པར་མྱི་འགྱུར་ལ། དེའི་སྐྱེ་བའི་གཉེན་འཁོར་དུ་རླུང་འགག་པར་འགྱུར་རོ།། དེ་ལྟར་ན་རླུང་དེའི་སྒོ་ནས་གྱེན་དུ་མྱི་ལྡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར
188b9 སྦྱར་རོ།། ཅིའི་ཕྱིར་གསོན་པོའི་ལུས་ཡང་ཞིང་མཉེན་ལ་ཤ་སྟེ་ཤི་བར་གྱུར་པའི་ལུས་ནི་ལྕི་ཞིང་མྱི་མཉེན་ཞེ་ན། སྨྲས་པ། ཤ་སྟེ་ཤི་བར་གྱུརྡ་པ་དེ་ནི་ཁོང་ན་འདུག་པའི་མྱེའི་ཁམས་དང་། རླུང་གི་ཁམས་གཉིས་འགགས