| e-texts navigator |
| Wylie |
188a1 ཆེ་བར་མྱི་འགྱུར་རོ།། ཆོས་མངོན་པའི་བསྟན་ཆོས་ཆེན་པོའི་རྒྱུ་གདགས་པ་ལས་ཚིགས་བདུན་པའོ།། །། སྡོམ་ནི
188a2 མཐའ་དང་དྲི་ང་རེངས་པ་དང་།། རྐྱེན་དུ་འབྱུང་དང་ལྕེ་དང་འཇུ།། འདྲུལ་དང་དབུགས་རྒྱུ་ཉིན་མཚན་དང་།། ཉ་དང་སྐམ་ས་རུ་སྦལ་རྣམས།། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྲིད་པའི་སྲེད་པའི་མཐའ་མྱི་མངོན་ལ།། སྲིད་པ
188a3 འི་སྲེད་པ་འདི་ནས་སྔོན་འཆད་མ་འབྱུང་བ་ཞིག་ནས། འདི་ནས་ཕྱིན་ཆད་འབྱུང་བ་མ་ཡིན་ཏེ། གང་གི་རྐྱེན་ཀྱིས་བྱུང་བའི་སྲིད་པ་སྲེད་པ་ནི། མངོན་པ་ཁོ་ནའོ་ཞེས་གསུངས་པ་ལ་ཅི་ཡོད་དེ་མྱི་སྣང་ངམ། འོན་ཏེ་མྱེད་དེ་མྱི་སྣང
188a4 ཞེ་ན། སྨྲས་པ། མྱེད་པའི་ཕྱིར་མྱི་སྣད་ཀྱི་ཡོད་པའི་ཕྱིར་ནི་མ་ཡིན། ཏེ། གང་གི་ཕྱིར་མ་རིག་པ་དང་། ལྡན་པའི་སེམས་ཅན་རྣམས་འདི་སྟེ་མ་དུ་སེམས་ཏེ། བདག་ཅག་འདས་པའི་དུས་ན་བྱུང་བར་གྱུར་ཏོ། བདག་ཅག
188a5 འདས་པའི་དུས་ནམ་བྱུང་བ་མ་ཡིན་ནོ།། སྙམ་དུ་སེམས་ན་ནི། དེའི་ཚེ་རྟག་པར་འགྱུར་རོ།། གང་ག་ཕྱིར་དེ་དག་འདི་སྙམ་དུ་སེམས།། ཏེ། འདས་པའི་དུས་ན་བདག་མ་བྱུང་ངོ་སྙམ་དུ་སེམས་ན་ནི།
188a6 དེའི་ཚེ་ཆད་པར་ལྟུང་བར་འགྱུར་རོ།། འདུ་བྱེད་ཐམས་ཅད་ནི་རྒྱུ་དང་བརྩ་ས་པ་ཡིན་ཏེ། འདུ་བྱེད་འདི་རྣམས་ཀྱི་རྒྱུ་ནི་སྔོན་གི་འདུ་བྱེད་རྣམས་ཡིན་བ། འདུ་བྱེད་དེ་རྣམས་ཀྱི་རྒྱུ་ཡང་སྔ་རོལ་ཀྱི་འདུ་བྱེད་རྣམས་ཡིན་ན
188a7 གས་ཏེ་སྔོན་གི་མཐའ་མངོན་པར་གྱུར་པ་ན། དང་པོའི་འདུ་བྱེད་གང་དག་ཡིན་པ་དེ་དག་རྒྱུ་མྱེད་པ་ལས་འབྱུང་བར་འགྱུར་རོ།། ཅིའི་ཕྱིར་འདོད་དང་མྱི་བྲེལ་བར་ཞི་བར་གྱུར་ད་ཏེ། གལ་ཏེ་ལུས་མྱེས་བསྲེགས་ན། དེའི་ལུས་ལས་དྲི་བ་འབྱུང
188a8 བ་ཡ། འདོད་ཆགས་དང་བྲལ་བ་ཤི་བར་གྱུར་ད་ཏེ། གལ་ཏེ་ལུས་མྱེས་བསྲེགས་པ་ན། དེའི་ལུས་ལས་དྲི་ང་བ་མྱི་འབྱུང་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་ཤི་ན་ནི། མྱཾ་གཙང་བ་འབྱུང་ཞིང་ཁུ་ཆུ་འབྱུང
188a9 བར་འགྱུར་ཏེ། དེའི་མྱོ་གཙང་བས་ལུས་ཀྱི་དབང་པོ་ཐམས་ཅད་ཆུབ་པར་འགྱུར་ཏེ། གལ་ཏེ་མྱེར་བསྲེགས་ན། དེའི་ལུས་ལ་དྲི་ང་བ་འབྱུང་ལ་ལྦ་དབང་ཆེ་བར་གྲགས་པ་རྣམས་ཀྱང་། ལུས་ལ་མཆོད་ཅིང་དེའི་ལུས་ཀྱ་དྲྀ་ངེ་བ