| e-texts navigator |
| Wylie |
187b1 བ་མྱེད་པའི་ཁམས་དང་། རྣམ་པར་འཆེ་བ་མྱེད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། རྣམ་པར་འཆེ་བའི་འདུ་ཤེས་དང་། རྣམ་པར་འཆེ་བའི་ཁམས་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས
187b2 ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་ལྟ་བར་གྱུ་ར་པ་རྣམས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་ངེས་ལྟ་བར་གྱུར་པ་རྣམས་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ
187b3 དང་དགེ་མཚན་དང་དགྲ་ཤིས་ཀུན་ཏུ་མ་བསྟེན་ཅིངས་བསྒོམས་ཏེ། མང་དུ་མ་བྱས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུད་ལ་ཞུགས་པ་དང་ཉེ་བར་ལེནད་པའི་ཕུང་པོ་ལྔ་ལ། འདི་ལྟ་སྟེ། འདི་ནི་གཟུམ
187b4 སོ་འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། འདིར་ཚོར་བ་དང་འཅུ་ཤེས་དང་འདུ་བྱེད་པ་དང་། རྣམ་པར་ཤེས་པའོ།། འདིནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ་འདི་ནི་རྣམ་པ་ཤེས་པའི་ནུབ
187b5 བའོ་ཞེས་སྐྱེ་བ་དང་འཇིག་པ་མཐོང་བས་རྒྱུན་ཏུ་གནས་པ་དང་གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་ཏུ་བསྟེ།། ན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་དབང་པོའི
187b6 སྨྱོན་མས་མ་བསྡམས་པ་ཀུན་ཏུ་མ་བསྟེན་ཅིངབསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོང་རིག་པ་དང་རམ་གྱི་མ་སྟོང་དང་རམ་ཀྱི་མ་སྤང་མྱི་ཉིས་པ
187b7 བརྩོརན་པ་དང་ཞི་གནས་བསྒོམ་པ་ལ་བརྩོན་པ་དང་སཱཀ་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན།
187b8 ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤས་ཆེ་བ་མ་ཡིན་པ་དེ་དག་གི། ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཞི་འཕོས་པ་རྣམས་ཡིན་ཏེ།
187b9 དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་ཁྱིམ་བདག་རྣམས་དང་། གཟུགས་དང་གཟུགས་མྱེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ་རྒྱུ་དེས་ན་ཀཏི་མུཀ་གིགས