e-texts navigator
Collection
Volume
Page
Wylie

185a1 ཀླུབས་པ་དང་། འབྲལ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་སྡུག་པའི་མཚན་མ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་།
185a2 མྱི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་ཏུ་མ་བསྟེན་ཅིང་མ་སྒོམས་ཏེ། མང་དུ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡམས་པ། ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་།
185a3 དབང་པོའི་སྒོ་རྣམས་བསྡམས་པ། ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་བྱས་པ་དང་། དེ་བཞིན་ཟས་ཀྱི་ཚོད་མ་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནས་ཀྱི་ཆ་སྤང་མྱི་ཉལ་བ་ལ་མྱི་བརྩོན་པ་དང་། ཞི
185a4 གནས་བསྒོམས་པ་ལ་མྱི་བརྩོན་པ་དང་། སྐྲག་མཐོང་བསྒོམས་པ་ལ་མྱི་བརྩོན་པ་དང་། དེས་རིགས་པ་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། རིགས་པ་དང་།
185a5 ལྡན་པ་ཡིད་ལ་བྱེད་པ། ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་སེམས་ཅན་གང་དག་འདོ། ད་ཆགས་ཀྱི་ཤས་ཆེ་བ་དེ་དག་གི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོ
185a6 པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཟློས་ཀར་མཁན་དང་། གར་མཁན་དང་། གཞད་ཀླད་པ་དང་། བྱི་དོར་མཁན་དང་། ཚར་མཁན་དང་། སྨད་འཚོང་མ་དང་། སྤར
185a7 འཚོང་མའི་གཙོ་མོ་དང་། འདོད་པ་ན་སྤྱོད་པའི་ལྔ་རྣམས་ཏེ། རྒྱུ་དེས་ན་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ།། ཅིའི་ཕྱིར་ཞེ་སྡང་གཤེས་ཆེ་བར་འགྱུར་ཞེ་ན། སྨྲས་པ་དེས་ཞེ་སྡང་མྱི་དགེ་བའི་རྩ་བ་ཀུན་ཏུ་བསྟེན
185a8 ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། ཞེ་མྱི་སྡང་བའི་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་གནོད་སེམས་ཀྱི་འདུ་ཤེས་དང་། གནོད་སེམས་ཀྱི་ཁམས
185a9 དང་། གནོད་སེམས་མྱེད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱ་བ་དང་། གནོད་སེམས་མྱེད་པའི་འདུ་ཤེས་དང་། གནོད་སེམས་མྱེད་པའི་ཁམས་དང་། གནོད་སེམས་མྱེད་པའི་རྟོག་པ་ཀུན




iiif viewer powered by OpenSeadragon

184b - 185b

Texts on this page

Ng12.4 - rgyu gdags pa