| e-texts navigator |
| Wylie |
184b1 སོ།། གང་གིས་འདིར་ནི་འདོད་ཆགས་སྤངས།། རམས་པར་འགྱུར་ལ་ཆགས་མྱི་བྱེད།། པད་མ་ལས་བྱུང་ཆུ་ཐིགས་བཞིན།། དེའི་འདོད་ཆགས་ལྡོག་པར་འགྱུར།། ཞེ་སྡང་བས་ནི་ཆོས་མྱི་མཐོང་།། མྱི་གང་ཞེ་སྡང་དང་དུ་ལེན།། དེ་ནི་མུན
184b2 བསུན་ནག་འགྲོ།། ཞེ་སྡང་གནོད་པ་སྐྱེད་པ་སྟེ།། ཞེ་སྡང་སེམས་ནི་སྣང་བར་བྱེད།། ནང་ནས་འཇིགས་པ་ཞེས་གྱུར་པ།། དེས་ནི་སྐྱེ་བོས་ཀྱི་རྟོགས་སོ།། གང་གིས་འདིར་ནི་ཞེ་སྡང་སྤངས། སྡང་བར་གྱུར་ད་ལ་སྡང་མྱི་བྱེད།། འཟས
184b3 བུ་སྦྱིན་པ་ཟག་ཆད་བཞིན།། དེའི་ཞེ་སྡང་ལྟུང་བར་འགྱུར།། རྨོངས་པ་ཡིས་ནི་དོན་མྱི་ཞེས།། རྨོངས་པ་ཡིས་ནི་ཆོས་མྱི་མཐོང་།། མྱི་གང་རྨོངས་པ་དང་དུ་ལེན།། དེ་ནི་མུན་པ་མུན་ནཀ་འགྲོ།། རྨོངས་པས་གནོད་པ་སྐྱེད་པ་སྟེ།
184b4 མོངས་པས་སེམས་ནི་རབ་མོངས་བྱེད།། ནང་ནས་འཇིགས་པ་སྐྱེས་ཀྱུ་རང་བྱ།། དེས་ནི་སྐྱེ་བོས་མྱ་རྟོགས་སོ།། གང་གིས་འདིར་ནི་མོངས་སྤངས་ནས།། མོངས་པར་གྱུ་རང་ལ་རྨོངས་སུ་བྱེད།། ཉི་མཤར་པའི་མུན་པ་བཞིན།།
184b5 དེའི་གཏི་མུག་མྱེད་པར་འགྱུར།། གང་གིས་ཆོས་རྣམས་གསུམ་པོའ། དི།། ཏ་ལའི་འགོ་ལྟར་བཅད་བྱས་ཏེ།། གཏུམས་ནས་ར་པོ་མྱ་ཐོགས་པར།། དེ་ནི་སྐྱེ་གནས་འགྲོ་མྱི་འགྱུར།། དེ་འཕྱིར
184b6 འདོད་ཆགས་ཞེ་སྡང་དང། མ་རིག་པ་ནི་སྤོད་བྱེད་ཅིང་།། རིག་པ་སྐྱེད་པའི་དགེ་སློང་ནི།། སྡུག་བསྔལ་ཟད་པ་ཐོབ་པར་འགྱུར།། ནི་རྱ་ར་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས
184b7 ཆགས་པ་མྱི་དགེ་བའི་རྩ་བ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། མ་ཆགས་པའི་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་དེས་འདོད་པའི་འདུ་ཤེས་དང་།
184b8 འདོད་པའི་ཁམས་དང་འདོད་པའི་རྟོག་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། མངོན་པར་འབྱུང་བའི་འདུ་ཤེས་དང་། མངོན་པར་འབྱུང་བའི་ཁམས་དང་། མངོན་པར་འབྱུང་བའི་རྟོག
184b9 པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ།། གཞན་ཡང་ངེས་བརྒྱན་པ་དང་། ཀླུབས་པ་ལ་བརྩོན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དང་། བརྒྱན་པ་དང་།