e-texts navigator
Collection
Volume
Page
Wylie

184a1 བར་དུ། བར་མ་དོར་འཆིབ་མྱེད་དོ།། རྒྱ་ངེས་ན་སེམས་ཅན་དམྱལ་བའི་སེམས་ཅན་གནོད་པ་དྲག་པོ་མྱི་བཟད་པས་བརྟགས་པ་རྣམས་ལ། བར་མ་དོར་འཆི་བ་མྱེད་དོ།། ཆོས་མངོན་པའི་བསྟན་ཆོས་ཆེན་པོ་རྒྱུ་གདགས་པ་ལས་ཚིག
184a2 དྲུག་པའོ།། བམ་པོ་མེང་གཞི་ནི་མཉན་ཡོདན་སྟེ། དགེ་སློང་དག་གསུམ་པོ་འདི་དག་ནི། ནང་གྱི་དྲི་མ་དང་། ནང་ཀྱི་གྲ་ཟླ་དང་ནང་ཀྱི་ཕྱིར་གོས་པ་དང་། ནང་གི་དགྲ་པོ་ཡིན་ཏེ།
184a3 གསུམ་གང་ཞེ་ན། འདི་ལྟ་སྟེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་སོ།། དགེ་སློང་དག་ཅིའི་ཕྱིར་འདོད་ཆགས་ནང་གི་དྲི་མ་དང་། ནད་ཀྱི་དགྲ་ཟླ་དང་། ནང་གི་ཕྱིར་རྒོལ་བ་དང་། ནང་གི་དགྲ་བོ་ཡིན་ཞེ་ན
184a4 དགེ་སློང་དག་དགྲས་ནི་དགྲ་ལ་ཡང་ན་ནི་ལོངས་སྤྱོད་ལས་ཉམས་པར་བྱེད་ལ། ཡང་ན་ནི་གཏན་དུ་གསོད་པར་བྱེད་པ་ཁོ་ནར་ཟད་ན། དེ་ནི་དེའི་རྒྱུ་དང་། དེའི་རྐྱེན་ཀྱིས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན
184a5 སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་མྱི་འགྱུར་ཀའི་དགེ་སློང་དག་གང་ཆགས་ཤིང་འདོད་ཆགས་ཟིལ་གྱིས་ནོན་ཏེ། ལུས་ཀྱིས་ངེས་པར་པྱོད་པ་སྤྱད་པ་དེ་ནི་ལུས
184a6 ཀྱིས་ངེས་པར་འཔྱོད་པ་སྤྱང་ཅིང་ངག་དང་ཡིད་ཀྱིས་ཉེས་པར་མྱོད་པ་བྱངནས། རྒྱུ་དེ་དང་རྐྱེན་དེས་སུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར
184a7 འགྱུར་རོ།། དགེ་སློང་དག་དེ་ལྟ་བས་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ནང་གི་དྲི་མ་དང་། ནད་ཀྱི་དགྲ་ཟླ་དང་། ནང་ཀྱི་ཕྱིར་རྒོལ་བ་དང་། ནང་གི་དགྲ་བོ་ཡིན་ནོ།། བཅོམ་ལྡན་འདས
184a8 ཀྱིས་དེ་སྐད་ཅེས་བཀའ་སྩ་ལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོནད་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལར་ཏོ།། ཆགས་པ་ཡིས་ནི་དོན་མྱི་ཤེས།། ཆགས་པ་ཡིས་ནི་ཆོས་མྱི་མཐོང་།
184a9 མྱི་གང་འདོད་ཆགས་དང་དུ་ལེན།། དེ་ནི་མུན་པ་མུན་ནག་འགྲོ།། འདོད་ཆགས་གནོད་པ་སྐྱེད་པ་སྟེ།། འདོད་ཆགས་སེམས་ནི་ཆགས་པར་བྱེད།། ནང་ནས་འཇིགས་པ་སྐྱེས་གྱུར་པ།། དེ་ནི་སྐྱེ་བོས་མྱི་རྟོགས




iiif viewer powered by OpenSeadragon

183b - 184b

Texts on this page

Ng12.4 - rgyu gdags pa