| e-texts navigator |
| Wylie |
175b1 ར་བ་རྣམས་རབ་ཏུ་ཕབ་ལ། ཨ་ཀ་རུའི་ཕྱེ་མ་དང་། ཙན་དན་གི་ཕྱེ་མ་དང་།། རྒྱ་སྤོས་ཀྱི་ཕྱེ་མ་དང་། གོས་རྣམས་འཐོར་བར་གྱུར་ད་ཅེ་ན། སྨྲས་པ། ལྷའི་མཐུའ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ལྷ་གང་དག་མངོན་པར་དགའ་བ་དེ་དག
175b2 ཀི་ནེ་ཊ་ནི་དེ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་དམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། གྲངས་པར་འགྱུར་ཞིང་བསོད་ནམས་ཆེན་པོ་དང་ལྡན་ཏེ། ན་བཟའ་དང་། ཞལ་ཟས་དང་། གཟིམས་ཆ་དང
175b3 ཀདན་དང་སྙུན་གསོས་སྨན་དང་། ཡོ་བྱད་རྣམས་བརྙེས་པར་འགྱུར་བ་དེའི་སྔ་ལྟས་ན་དེ་ཡིན་ནོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བསྡུམ་ནས་ཞག་འདུད་ཡོན་ལ། བསྐྱེད་པའི་ཡུམ་གྲོངས་པར་འགྱུར་ཆེན། སྦས་པ།། བྱང་ཆུབ་སེམས
175b4 དཔའ་ནི་དབ་བརྩེ་བར་གྲགས་པའི་སེམས་ཅདན་ཡིན་ཏེ། དེ་གང་གི་ཚེ་ཡུམ་གི། སུམས་སུ་ཞུགས་པ་དེའི་ཚེ། སུམ་ཅུ་རྩ་གསུམ་ཀི་ལྷ་རྣམས་བྱང་ཆུབ་སེམས་དཔའ་ལ་གུས་པས། བྱང་ཆུབ་སེམས་དཔའི་ཡུམ་གྲི་སྤུའི
175b5 ཁུད་བུ་ཐམས་ཅད་དུ་ལྷའི་གཟིའི་བྱིརན་འཇུག་པར་བྱེད་པ་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡུམ་ཀི་སྡུམས་ནས་བྱུང་བ་དེའི་ཚེ། ཡང་ག། ཟིའི་བྱིན་འཇུག་པར་མྱི་བྱེད་དེ། མྱི་ལ་ནི་གང་དེའི་ལུས་ས་བར་བྱེད་པ
175b6 དེག་བུའི་ག་ཅིའི་ཕྱིར་མྱེད་པས་ན། དེས་བདེག་སོམ་མྱེད་པས་རྨོངས་པར་ཟུ་ཏོ།། བྱང་ཆུབ་སེམས་དཔའ་ནི་ཡུམ་ཀྱི་སུམས་སུ་ལ་ཁྱེན་ལྡན་ན་དུ་འཇུག་ཅིང་། མཁྱེན་བཞིན་དུ་གནས་ལ་མཁྱེན་བཞིན་འབྱུང་ངོས
175b7 གསུངས་པ་ས། ཇི་སྐར་བྱང་ཆུབ་སེམས་དཔའ་སུམ་གི་སུམས་སུ་མཁྱེན་བཞིན་དུ་འཇུག་ཙ། མཁྱེན་བཞིན་དུ་གནས་ལ། མཁྱེན་བཞིན་དུ་འཐུང་ཞེན། སྨྲས་པ།། བྱང་ཆུབ་སེམས་དཔའ་ན་ཀྱི་མ་འཇིག་རྟེན་ཡོང
175b8 འཛིད་པ་སྐྱེད་པ་ཡོངས་སུ་འདྲེན་པ་མྱེད་པའི་རིང་དུ་བདག་དེ་བཞིན་གཤེགས་པ་བཅོམ་པས་དག་པར་རྫོགས་པའི་སངས་རྒྱས་སུ་གྱུར་ཞེས་མས་ཀྱ་ཆུབ་པར་བྱ་ཕྱིར། ཡང་དག་པར་རྫོགས་པའི་ནས
175b9 རྒྱས་འོད་སྲུང་ལ་སྨོན་ལམ་བཏབ་ནས། ཚངས་པར་སྤྱོད་པ་སྤྱོད་དེ། དེ་དྲན་པ་དེ་ཀུན་ཏུ་སྟེན་ཅིང་། སྐོམ་སྟེ་མང་དུ་བྱེད་དོ།། དེ་དྲན་པ་དེ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ཕྱི་མ་ལ་མངོན་པར་བྱང་ཆུབ་པར་བྱ