e-texts navigator
Collection
Volume
Page
Wylie

175a1 མང་དུ་བྱས་པས་ན་དེས་དེ་ཉིད་དགོངས་སོ།། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། འཕགས་པའི་བདེན་པ་བཞི་གཟིགས་པ་དེའི་སྔ་ལྟས་ནི་འདི་ཡིན་ཏེ།
175a2 དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བཙས་མ་ཐག་ཏུ། ཚིག་ཏུ་བརྗོད་པ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནཔན་སྐྱེ་བའི་ཐ་མ་ཡིན་ནོ།། འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བའི་ཐ་མ་ཡིན་ནོ།། ཞེས་གསུངས་ཞེན
175a3 སྨྲས་པ། བྱང་ཆུབ་སེམས་དཔའ་ན་ཡུམ་གི་ལྷུམས་སོ་ཅོག་གིས་གཟིར་ཅིང་། ཡོངས་སུ་གདུངས་པའི་ཕྱིར་ཐུགས་ཆད་པའི་ཚིག་ཏུ་འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བ་ཐ་མ་ཡིན་ནོ།། འདི་ནི་བདག་གི་སྲིད་པ་རྣམས་ཀྱི་ནང་ན་སྐྱེ་བཱི་ཐ་མ་ཡིན་ནོ།
175a4 ཞེས་གསུང་ངོ་།། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། ཆོས་སྟོནད་པ་དེའི་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ
175a5 བལྟམ་མ་ཟག་ཏུ་བར་སྣང་ལས་ཆུའི་རྒྱུན་གཉིས་ལ་གཅིག་ནི་དྲོན་པོ་ག། ཅིག་ནི་བསིལ་བ་བབ་སྟེ། བྱང་ཆུབ་སེམས་དཔའ་བལྟམ་མ་ཐག་ཏུ་འ། ཞུ་བར་བྱེད་ཅེ་ན། སྨྲས་པ། ཀླུའི་མཐུའ་ཡིན་ཏེ་བྱང་ཆུབ་སེམས་དཔའ
175a6 ལ་ཀླུ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུལ་ནི་དེ་ཡིན་ནོ།། ཅིའི་ཕྱིར་བྱ་ང་ཆུབ་སེམས་དཔའ་བལྟམ་མ་ཐག་ཏུ། བསྐྱེད་པའི་ཡུམ་ཀི་མདུན་དུ་ཆུ་ཆེན་པོའི་རྐྱེན་འབབ་པ་བྱུང་བར་གྱུར་ད་ཏེ། ཆུ་དེས་བསྐྱེད་པའི་ཡུམ་གིས།
175a7 ཆུའི་དགོངས་པ་བྱས་ཤེ་ན། སྨྲས་པ་ཀླུའི་མཐུའ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ཡུམ་ལ་ཀླུ་གང་དག་མངོན་པར་དགའ་བ་དེ་དག་གི་མཐུའ་ནི་དེ་ཡིན།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམ་མ་ཐག་ཏུ། བར་སྣང་ལས་རོལ་མོའི་སྒྲ་ནས
175a8 གྲག་ཅེ་ན། སྨྲས་པ། ལྷའི་མཐུ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ལ་ལྷ་གང་དག་མངོན་པར་དཀའ་བ་དེ་དག་གི་མཐུ་ནི་དེ་ཡིན་ནོ།། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།
175a9 འཇིག་རྟེན་དུ་སྒྲ་ཆེར་གྲགས་པར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔལ་བསྐམ་མ་ཐག་ཏུ་བར་སཱ་པ་ལས་ལཱའི་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོ་དང་། མེ་ཏོག་མ་ད་།




iiif viewer powered by OpenSeadragon

174b - 175b

Texts on this page

Ng12.4 - rgyu gdags pa