e-texts navigator
Collection
Volume
Page
Wylie

174b1 གྲགས་པའི་སེམས་ཅན་ཡིན་ཏེ། ཞེས་བྱ་བ་ནས་རྒྱས་པར་སྔར་སྙན་པ་བཞིན་དུ་སྦྱར་རོ།། ཅིའི་ཕྱིར་གང་གི་ཚེ།། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ནས་བྱུང་བ་དེའི་ཚེ། འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅེ་ན
174b2 དེ་ཡང་རྒྱས་པར་སྔར་སྙན་པ་བཞིན་དུ་སྦྱར་རོ།། ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའི་ཡུམ་གི་ལྷུམས་ནས་བྱུང་བ་དེའི་ཚེ། དེ་བསྐྱེད་པའི་ཡུམ་འདུག་པའམ། འཕྲེས་པར་མ་གྱུར་ད་ཏེ། འགྲེང་བཞིན་དུ་རྒྱལ་རིགས་མོ་དེ་ལས་རྒྱལ
174b3 རིགས་བལྟམ་ཞེ་ན། སྤྲས་པ། བྱང་ཆུབ་སེམས་དཔའི་ཡུམ་གིས་ཡུན་རིང་པོ་ན་ས། ནད་ཉུང་བར་འགྱུར་བའི་ལས་ཀྱི་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསྩགས་ཏེ། རྣམ་པར་སྦྱིན་པ་མངོན་ཏུ་ཕྱོགས་ཤིང་ཉེ་བར་འོངས་པ་ན། དེས
174b4 འདུག་པའམ། འཕྲེས་པའི་སྡུག་བསྔལ་གི་ཚོར་བ་མྱོང་བར་མྱི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡུམ་ཀི་ལྡུམས་ནས་བྱུང་བ་དེའི་ཚེ། ལྷའི་བུ་བཞིས་ཕྱོགས
174b5 བཞིར་འཁོད་ནས། མི་དགས་པཀླས་པའི་སླེབས་མོས་བླངས་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི། ཡུན་རིང་པོ་ནས་ནད་ཉུང་བ། འགྱུར་བའི་ལས་ཀྱི་འབྲས་བུ་ཡོད་པ་རྣམས་བྱས་ཤིང་བསྩགས་ཏེ།
174b6 རྣམ་པར་སྨིན་པར་མངོན་ཏུ་ཕྱོགས་ཤིང་ཉེ་བར་འོངས་པས་ན། དེས་ལ་ལྟུང་ན་སྡུག་བསྔལ་གི་ཚོར་བ་མྱོང་བར་འགྱུར་བ་དེ་ཡང་མྱོང་བར་མྱི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅིའི་ཕྱིར་བྱང་ཆུབ་སེམས
174b7 དཔལ་ལྷམ་མ་ཐག་དུ་སུས་ཀྱང་མ་བཟུང་བར་གོམ་པ་བདུན་པོར་ཞེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ས་ནི་ཡུན་རིང་པོ་ནས་ངེས་པར་འབྱུང་བ་དང་། ལྡན་པའི་དྲན་པའི་དྲན་པ་ཀུན་ཏུ་བསྟེན་ཅིང་། བསྒོམས་ཏེ། མང་དུ་བྱས།
174b8 པས་ན། དེས་དེ་ཉིད་དགོངས་སོ།། གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། བྱང་ཆུབ་ཀྱི་ཡན་ལག་བདུན་འབྱུང་བ་དེའི་སྔ་ལྟས་ནི་དེ་ཡིན་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས
174b9 པར་སྦྱར་རོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་བལྟམ་མ་ཐག་ཏུ་ཕྱོགས་བཞིར་གཟིགས་ཤེ་ན། སྨྲས་པ།། བྱང་ཆུབ་སེམས་དཔས་ནི་ཡུན་རིང་པོར་རྣམ་པར་རྟོག་པ་དང་། ལྡན་པའི་དྲན་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ།




iiif viewer powered by OpenSeadragon

174a - 175a

Texts on this page

Ng12.4 - rgyu gdags pa