e-texts navigator
Collection
Volume
Page
Wylie

174a1 ང་བ་མྱེད་པ་དང་། འཁྲིག་པ་སྤངས་ཤིང་གྲོང་གི་ཆོས་དང་བྲལ་ལ། གཞན་དག་ཀྱང་ཚངས་པར་སྤྱོད་པ་ཡང་དག་པར་འཛིན་དུ་བཅུག་པས་ན། ལས་དེ་དང་འཐུན་པ་དང་། སེམས་དེ་དང་འཐུན་པར་ཡུམ་གྱི་སེམས་ཀྱང་དེ་ལྟར་གནས་སོ།།
174a2 ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་གང་ཀི་ཚེ། ཡུམ་གི་ལྷུམས་ན་ཞུགས་པ་དེའི་ཚེ། དེ་བསྐྱེད་པའི་ཡུམ་བརྟུལ་ཞུགས་ཀྱི་གནས་ལྔ་ཡང་དག་པར་བླངས་ཏེ། ཛཱི་སྲིད་མཚོའི་བར་དུ་སྲོག་གཅོད་པ་ལས་སླར་ལོག་པར་གྱུར་དུ། མ་བྱིན་པར་ལེནད་པ་དང
174a3 མྱི་ཚངས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆེང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མྱེད་པའི་གནས་སྤངས་ཏེ། འབྲུའི་ཆང་དང་བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མྱེད་པའི་གནས་ལས་སླར་ལོག་པར་འགྱུར་ཞེ་ན། སྨྲས་པ།
174a4 བྱང་ཆུབ་སེམས་དཔའ་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པར་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལོག་པར་གྱུར་ད་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ
174a5 འཇུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེནད་པ་དང་། མྱི་ཚ།། ངེས་པར་སྤྱོད་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས།། པའི་ཆེང་མྱོས་པར་བྱེད་པ་དང་། བག་མྱེད་པའི་གནས་སྤངས་ཏེ། འབྲུའི
174a6 ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ། བག་མྱེད་པའི་གནས་ལས་སླར་ལོག་པར་འགྱུར་ལ། གཞན་དག་ཀྱང་འབྲུའི་ཆང་དང་། བཙུ་ས་པའི་ཆང་མྱོས་པར་འགྱུར་བ། བག་མྱེད་པའི་གནས་སྤོང་བ་ཡང
174a7 དག་པར་འཛིན་དུ་འབུཇུག་པས་ན། ལས་དེ་དང་མཐུན་པར་ཡུམས་ཀྱི་སེམས་ཀྱང་དེ་ལྟར་གནས་སོ།། ཅིའི་ཕྱིར་གང་གི་རྗེ། བྱང་ཆུབ་སེམས་དཔའ་ཡུམ་གི་སྔམས་ན་བཞུགས་པ་དེའི། དེ་བསྐྱེད་པའི་སུམ་སུངལ་བ་སྐྱེད་ཅིང
174a8 ལུས་རྔུབ་པ་མྱེད་དེ། བདེ་བ་དང་ནང་མྱེད་པར་གྱུར་ད་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་དབང་ཆེ་བར་གྲགས་པ་ཡིན་ཏེ། དེའི་གཟའི་བྱིན་ཆེན་པོས་ཡུམ་ག་འབྱུང་བ་ཆེན་པོ་རྣམས་རྒྱས་པར་གྱུར་ཏེ། རྒྱུ་དེས་ན་བྱང་ཆུབ
174a9 སེམས་དཔའི་ཡུམ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། ཅིའི་ཕྱིར་གང་གི་ཆེ། བྱང་ཆུབ་སེམས་དཔའ་ཡུམ་གི་སུམས་ནས་བྱུང་བ་དེའི་ཚེ། ས་ཆེར་གཡོས་པར་གྱུར་པ་ཅེ་ན། སྤྲས་པ། བྱང་ཆུབ་སེམས་དཔའ་མི་དབང་ཆེ་བར




iiif viewer powered by OpenSeadragon

173b - 174b

Texts on this page

Ng12.4 - rgyu gdags pa