e-texts navigator
Collection
Volume
Page
Wylie

173b1 བསྒྲུབ་པ་དང་སྦེད་པར་བྱེད་དོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གི་ལྡུམས་ན་སྦུབས་ཀྱི་ནང་ན་བཞུགས་ཏེ། མངས་གི་དྲིམས་ཀྱང་མགོས།། ཞག་གི་དྲི་མས་ཀྱང་པ་གོས་ཕྱིགང་བ་དང་མྱི་གཙང་བ་ལས་གྱུརྡ་པ་ཨི་ཡང་རུང་བ་གང་གིས་ཀྱང་མ་གོས་ཤེ
173b2 ན་སྨྲས་པ། བྱང་ཆུབ་སེམས་དཔའ་ས་སྔོན་གི་སྲེད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དགའ
173b3 བ་གང་ཡིན་པ་དེ་དག་ལ། ཁྱིམ་རྣམ་པར་དག་པ་རྣམས་དང་། གདིང་བ་དང་བགོ་བ་རྣམ་པར་དག་པ་རྣམས་དང་། ཟས་དང་སྐོམ་དང་། བཅའ་བ་དང་བཟའ་བ་དང་། གོས་དང་སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང
173b4 གནས་དང་མར་མྱེ་བྱིན་པ་དང་། རྣམ་པར་དག་པའི་ཆོས་དང་ལྡན་པའི་སེམས་ཅན་རྣམས་བྱ་བ་བྱས་པས་ན། ལས་དེ་དང་འཐུན་པར་ཡུམ་ཀི་ལྷུམས་ཀྱང་དེ་ལྟར་གྲུབ་བོ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་ཡུམ་གི་ལྷུམས་ལ་ལུས་བག་ཡངས་སུ
173b5 གནས་པར་གྱུར་ད་ལ། དེ་བསྐྱེད་པའི་ཡུམ་གི་ལྷུམས་ན་གནས་པ་ཐམས་ཅ། ད་ཚང་བར་མཐོང་ཞེ་ན། སྨྲས་པ་བྱང་ཆུབ་སེམས་དཔའ་ནི་སྔོན་གི་སྲིད་པ། ཞེས་བྱ་བ་ནས་རྒྱས་པར་སྦྱརྡ་ཏེ། ཕ་མ་དང་། ཕུ་ནུ་དང་། ཉེ་དུ་དང་།
173b6 བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ལ་ན་པ་རྣམས་དང་། གནོད་པར་བྱ་བ་ལ་མྱི་དགའ་བ་གང་ཡིན་པ་དེ་དག་ལ་ཁྱིམ་ཡངས་པ་རྣམས་དང་། གདིང་བ་དང་། བགོ་བ་ཡངས་པ་རྣམས་དང
173b7 ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་འཕྲེང་བ་དང་། བྱུག་པཱ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་བྱིན་པ་དང་། བསམ་པ་ཡངས་པས་རྣམ་པར་དག་པ་འཆོས་དང་ལྡན་པའི་སེམས་ཅན
173b8 རྣམས་ལ་བྱ་བ་བྱས་པས་མ། ལས་དེ་དང་ཐུན་པར་ཡུམོ་གཽ་ལྷུམས་ན་དེ་ལྟར་གནས་སོ།། ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའ་ཡུམ་གི་སྡུམས་ན་བཞུགས་པ་དེའི་ཚེ། དེ་སྙེད་པའི་ཡུམ་འདི་ལྟ་སྟེ། འདོད་པའི་ཡོན་ཏན་དང་ལྡན་པ་ནས།
173b9 ཀྱིས། སྐྱེས་པ་ལ་ཡིད་མྱི་སེམས་ཤེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ད་ཏེ། བདག་ཉིད་ཀྱང་ཚངས་པར་སྤྱད་པར་གྱུར་ད་ཅིང་། ཐག་བསྲིངས་ཏེ་སྤྱད་པ་དང་། དག་ཅིང་གཙང་ལ་དྲི།




iiif viewer powered by OpenSeadragon

173a - 174a

Texts on this page

Ng12.4 - rgyu gdags pa