| e-texts navigator |
| Wylie |
173a1 ཅན་གང་ཀི་ཚེ། དཀའ་ལྡན་གི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གི་སྣརུམས་སུ་ཞུགས་པ་དེའི་ཚེ། འདོད་པ་ན་གྱོད་པའི་ལྷ་རྣམས་དང་། གཟུགས་ན་དཔྱོད་པའི་ལྷ་དབང་ཆེ་བར་གྲགས་སོ་ཅོག་གིས་བྱང་ཆུབ
173a2 སེམས་དཔའ་དཀའ་ལྡན་ཀི་ཨཱའི་རིས་ནས་ཤི་འཕོས་ཏེ། ཡུམ་གི་སྡུམས་སུ་ཞུགས་སོ་ཞེས་ཟོས་སོ།། ཐོས་ནས་ཀྱང་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དཀའ་ཞིང་ཡིད་བདེ་བ་སྐྱེས་ནས། བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང
173a3 བརྗེད་པོའི་ཕྱིར་འོང་ཞིང་འགྲོ་བ་དང་། ཡས་འོང་སྟེ་དེ་དག་འོང་ཞིང་འགྲོ་བ་དང་། ཡས་འོང་བས་འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་དག་གི་འཇིག་རྟེན་གི་བར་དུ་མུན་པ་མུན་ནག་ཐིབས་པོ་གང་དུ་ཉི་མ
173a4 དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང་འདི་ལྟར་མཐུ་ཆེ་བ་འདི་གཉིས་ཀྱི་འོད་ཀྱིས་སྡང་བར་མ་གྱུརྡ་པ་གང་ཡིན་པ་དེ་དག་ཀྱང་། དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྡང་བ་ཆེན་པོ་དེས
173a5 གཅིག་གིས་གཅིག་མཐོང་ནས་ཤེས་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་པ། ཞན་དག་ཀྱང་འདིར་སྐྱེས་པ་སྙམ། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལཱ་ཞེས་འཛེར་ཏོ།། གཞན་ཡང་གང་གི་ཕྱིར་དེ
173a6 བཞིན་གཤེགས་པར་མ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས་ཤེས་རབ་ཀྱི་སྣང་བ་ཆེན་པོ་འཇིག་རྟེན་དུ་འཐུང་བ་འགྱུར་བ་འི་ཕྱིར་ཏེ་འདི་ནི་དེའི་སྡེ་སྟས་ཡིན་ནོ།། ཅིའི་ཕྱིར་གང་གི་ཚེ་བྱ
173a7 ཆུབ་སེམས་དཔའ་དགའ་ལྡན་ཀི་སཱའི་རིས་ནས་གི་འཕོས་ཏེ། ཡུམ་གྱི་སྣརུམས་སུ་ཞུགས་པ་དེའི་ཚེ། ལྷའི་བུ་བཞི། བྱང་ཆུབ་སེམས་དཔའ་ཡུམ་ཀ་ཕྱོགས་བཞིར་འཁོད་དེ། ཆོས་དང་ལྡན་པར་བསྲུང་བ་དང་། བསླབ་པ་དང
173a8 སྣ་བར་བྱེད་ཅེན་སྨྲས་པ་སུམ་བཅུས་གསུམ་པའི་བླ་རྣམས་སུན་རིང་པོ་ནས་འདི་ལྟ་བུ་འདི་སྐོར་བྱེད་པར་འགྱུར་ཏེ། ཀྱེ་འཇིག་རྟེན་སྤོང་བ་འདྲེན་པ་བྱེད་པ། ཡོངས་སུ་འདྲེན་པ་བྱེད་པས། དེ་བཞིན་གཤེགས་པ་པས
173a9 བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱུང་ན་ནི། ཅི་མ་རུང་སྙམ་སྟེ། དོན་དེའི་དབང་དེ་ལ་བརྟེན་ནས།། སཱ་དེ་རྣམས་བྱང་ཆུབ་སེམས་དཔའི་ཡུམ་ཀ་ཕྱོགས་བཞིར་འཁོད་དོ།། ཆོས་དང་ལྡན་པར་བསྲུང་བ་དང་།