e-texts navigator
Collection
Volume
Page
Wylie

172b1 སྙིང་བརྩེའི་སེམས་ཅིའི་ཕྱིར་གང་གི་ཚེ། བྱང་ཆུབ་སེམས་དཔའ་དགའ་ལྡན་ཀི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གི་ལྷུམས་སུ་ཞུགས་པ་དེའི་ཚེ། ས་ཆེར་གསོས་ཤིང་ཤིན་ཏུ་ཆེ་བར་གསོལ་བར་འགྱུར་ཞེ་ན། སྨྲས་པ། ཀླུའི
172b2 མཐུས་གཡོའ་བར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས་ཅན་གང་གི་ཚེ། དགའ་ལྡན་གི་ལྷའི་རིས་ནས་ཤི་འཕོས་ཏེ། ཡུམ་གི་ལྷུམས་སུ་ཞུགས་པའི་དེའི་ཚེ། ཆུ་ན་གནས་པའི་ཀླུའི་དབང་ཆེ
172b3 བར་གྲགས་སོ་ཅོག་གྲི་བྱང་ཆུབ་སེམས་དཔའ་དགའ་ལྡན་གི་རིས་ནས་ཤི་འཕོས་ཏེ། ཡུམ་གི་ལྷུམས་སུ་ཞུགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་ཚིམ་ཞིང་མགུལ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ཞིང་ཡིད་བདེ་བ་སྐྱེས་ནས
172b4 བྱང་ཆུབ་སེམས་དཔའ་ལ་བལྟ་བ་དང་། བརྗེད་པའི་ཕྱིར་འོང་ཞིང་འགྲོ་བ་དང་། སྟེང་དུ་འབྱུང་སྟེ། དེ་དག་འོང་ཞིང་འགྲོ་བ་དང་། སྟེང་དུ་བྱུང་བས་ཆུ་འཁྲུག་པར་འགྱུར་ལ། ཆུ་འཁྲུགས་པས་ས་གཡོ་བར་འགྱུ
172b5 རོ།། གཞན་ཡང་གང་གི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོམ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བས། མངོན་པར། འབྱུང་བ་དང་། བདེན་པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་མཐོང
172b6 འགྱུར་བའི་ཕྱིར། རླུང་ཀེན་དུ་ལྡང་ལ་རླུང་གྱེན་དུ་ལངས་པས། ཆུའི་ཞུགས་ཏེ། ས་གཡོའ་བར་འགྱུར་བ་འདི་ནི། དེའི་སྔ་ལྟས་ཡིན་ནོ།། ཅིའི་ཕྱིར་གང་གི་ཚེ་བྱང་ཆུབ་སེམས་དཔའ་དཀའ་ལྡན་ཀི་ལྷའི་རིས་ནས་ཤི
172b7 འབྲོས་ཏེ། ཡུམ་གི་སྣརུམས་སུ་ཞུགས་པ་དེའི་མི། འཇིག་རྟེན་ཐམས་ཅད་སྣང་བ་ཆེན་པོས་ཁྱབ་སྟེ། འཇིག་རྟེན་དག་གི་འཇིག་རྟེན་གི་བར། མུན་པ་མུན་ནག་ཐིབས་པོ་གང་དུ། ཏྲི་མ་དང་ཟླ་བ་འདི་ལྟར་རྫུ་འཕྲུལ་ཆེ་ཞིང
172b8 འདི་སྙམ་མཐུའཆེ་བར་འདི་ཉིད་གཉིས་ཀྱི་འོད་ཀྱིས་སྣང་བར་མ་གྱུར་ད་པ། གང་ཡིན་པ་དེ་དག་ཀྱང་དེའི་ཚེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ད་ཏེ། དེར་སེམས་ཅན་གང་དག་སྐྱེས་པ་དེ་དག་སྣང་བ་ཆེན་པོ་དེས་གཅིག་གིས་གཅིག་མཐོང་ནས
172b9 ཤེས་ཏེ། འདི་སྐད་དུ་ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ལྟར། ཀྱེ་སེམས་ཅན་གཞན་དག་ཀྱང་འདིར་སྐྱེས་པ་ཞེས་ཟེར་བར་གྱུར་ད་ཅེན། སྨྲས་པ། བྱང་ཆུབ་སེམས་དཔའ་དབང་ཆེ་བར་གྲགས་པའི་སེམས




iiif viewer powered by OpenSeadragon

172a - 173a

Texts on this page

Ng12.4 - rgyu gdags pa