e-texts navigator
Collection
Volume
Page
Wylie

172a1 པར་གྱུར་པ་སྦྱར།། དེ་བཞིན་སངས་རྒྱས་བཅོམ་ལྡན་ཡང་།། གཟུགས་ཀྱིས་མཚན་གྱིས་བརྒྱན་པ་ཡིན།། འཁོར་ལོས་སྦྱར་བའི་རྒྱལ་པོ་ཇིསར་སྡེར། མང་པོའི་སྙིང་དུ་སྡུག་ཅིང་། ཡིད་དུ་འོང་བདེ་བའི
172a2 དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྐྱེ་བོ་མང་པོའི་སྙིང་དུ་སྡུག་ཅིང་། ཡིད་དུ་འོང་ངོ་།། རྒྱལ་པོ་ཆོས་དང་ལྡན་པའི་མཆོག། ཇི་ལྟར་ཡིད་དུ་འོང་བ་ལྟར།། སྟོན་པ་ཟླ་མྱེད
172a3 འཇིག་རྟེན་ན།། ཡིད་དུ་འོང་བའི་རང་བཞིན་ཡིན།། འཁོར་ལོས་སྦྱར་བའི་རྒྱལ་པོ་ལ།། ཇི་ལྟར་བུ་སྟོང་ཡོད་དེ། དཔའ་བརྟུལ་ཡོད་པ། ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ལ་རོལ་གི་སྡེ་རབ་ཏུ་འཇོམ་པ་དེ་བཞིན་དུ།། དེ་བཞིན
172a4 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡང་སྱས་མང་པོ་མངའ་སྟེ། ཞུགས་པ་དང་། འབྲས་བུ་ལ་གནས་པ་དཔལ་བརྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཉོན་མོངས་པའི
172a5 དགྲའི་དཔུང་འཇོམས་པ་རྣམས་མངའ་འོ།། དེ་ལ་ཆོས་ཉིད་ནི་འདི་ཡི། ན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ཇི་ལྟར་འཁོར་ལོས་སྒྱུར་བའི་བུ། ཆོས་དང་ལྡན་ཞིང་བདེན་པར་སྤྲུལ།། དཔའ་ཞིང་ཡན་ལག་མཆོག་གཟུག
172a6 སྔན།། ཕ་རོལ་སྡེ་ནི་རབ་ཏུ་འཇོམས།། དེ་བཞིན་བཅོམ་ལྡན་འད་ས་ཀྱི་སྲས།། ཞུགས་དང་འབྲས་བུ་གནས་པ་སྟེ།། དཔའ་བོ་ཟུང་དུ་བན་གྱུར་ད་ཅིང་།། སྐྱེས་བུ་གང་དག་བརྒྱད་པོ་ཡིན།། ཆོས་མངོན་པའི་སྟན་ཆོས
172a7 ཆེན་པོ་ཅུ་ག་དགས་པ་ལས་ཚིགས་གསུམ་པའོ།། རྒྱ་གདགས་པ་བམ་པོ་བཞི་པ། སྡོམ་ནི།། འོང་བ་རྣམ་པ་གཉིས
172a8 པོ་དང་། སྲ་དང་སྦུབས་དང་བག་སངས་དང་། འདོད་པའི་ཡོན་ཏན་བརྟུལ་ཞུགས་བདེ། གཡོས་དང་འོད་དང་མྱི་འདུག་དང་། མི་དགས་འཕགས་པ་གོམ་པ་བདུན་ཕྱོགས་དང་སྤ་དང་ཀླུ་གཉིས་དང་། སཱ་གཉིས་དང་ནི་ཞག་བདུན་དང་།
172a9 འཇུག་པ་དང་ནི་ཀུན་དགའ་བོ།། ཕྱོགས་པའི་དང་ནི་སྲུང་བ་དང་། ཨུད་པ་ལ་རོལ་མོའི་སྡེ་སྣ་ཚོགས། གཟིམས་མལ་གཉིས་དང་སྒོ་དག་དང་། ངེས་པ་དང་ནི་རྒྱན་རྣམས་དང་། དུས་སྤྱིས་ས་དང་མྱི་གཞིག་དང་། མངོན་པར་ཤེས་དང




iiif viewer powered by OpenSeadragon

171b - 172b

Texts on this page

Ng12.4 - rgyu gdags pa