| e-texts navigator |
| Wylie |
171b1 སྟེ། རིགས་བཞི་པོ་དག། བཅོམ་ལྡན་འདས་ལ་ན་བཟའ་བ་དང་། ཞལ་ཟས་དང་། གཟིམས་ཆ་དང་། བ་དན་དང་། སྙུན་གི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྙེན་བཀུར་བྱེད་དེ། ཇི་ལྟར་འཁོར་ལོས་སྒྱུར་བའི།། ཚོང
171b2 དཔོན་ཕྱུག་ཅིང་ནོར་ཆེ་བ།། ཀོའུ་ཏ་མ་ནི་གྲགས་ལྡན་ག།། རིགས་བཞི་ནམས་ཀྱང་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་བློན་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
171b3 ཀྱི་ཤེས་རབ་ཀྱང་དེ་དང་འདྲ་བར་བལྟ་བར་བྱས་ཏེ། ཤེས་རབ་ཀྱི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་ནས། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པ་བརྙེས་སོ།། ཇི་ལྟར་བློན་པོ་རྟོག་མྱེད་ཅིང་།། དོན་ཀྱང་སེམས་པར་བྱེད་པ་ལྟར
171b4 སངས་རྒྱས་བཅོམ་ལྡན་ཤེས་རབ་ཀྱིས་བདུད་ཀྱི་བཅང་བ་གཅོད་པར་མཛ་ད།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་ཚེ་རིང་ཞིང་ཡུན་རིང་དུ་གནས་པ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི
171b5 སངས་རྒྱས་ཀྱང་། སྐུ་ཚེ་རིང་ཞིང་ཡུན་རིང་དུ་བཞུགས་ཏེ།། བཅོམ་ལྔ། ན་འདས་བཞེད་ན། བསྐལ་པའམ་སྐལ་པ་ལས་ལྷག་པར་ཡང་བཞུ་གས་སོ།། རྒྱལ་པོ་ཆོས་དང་ལྡན་པའི་མཆོག།། ཇི་ལྟར་ཚེ་འདི
171b6 རིང་བསྒྱུར།། དེ་བཞིན་སངས་རྒྱས་ལོམ་ལྡན་ཡང་།། བསྐལ་བ་འི་བའི་བར་དུ་བཞུགས།། འཁོར་ལོས་སྦྱར་བའི་རྒྱལ་པོ་ཇི་ལྟར་གནོད་པ་ནད་མྱེད་པའི་རང་བཞིན་ཅན་ཡིན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ
171b7 དམ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། གནོད་པ་ཆུང་ཞིང་ནད་མྱེད་པའི་རང་བཞིན་ཅན་ཡིན་ནོ།། རྒྱལ་པོ་ཆོས་དང་ལྡན་པ་མཆོག། ཇི་ལྟར་གནོད་པ་ཆུང་བ་ལྟར།། སྟོནད་པ་གྲགས་དང་ལྡན་པ་ཡང་།། དེ་བ
171b8 ནད་མྱེད་རབ་བཞིན་ཅན།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་ལྟར་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་། ལྡན་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ
171b9 བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་ནོ།། རྒྱལ་པོ་ཆོས་དང་ལྡན་པའི་ཡེཆོག།། ཇི་ལྟར་མཛེས