e-texts navigator
Collection
Volume
Page
Wylie

171a1 ཀེའུ་ཏ་མ་ནི་གྲགས་ལྡན་གྲི།། རྫུ་འཕྲུལ་རྐང་རྣམས་དེ་དང་འདྲ།། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཏི་རིན་པོ་མ་ཇི་ལྟ་བ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡང་དག།
171a2 པར་སྤོང་བ་བཞི་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། ཡང་དག་པར་སྤོང་བ་བཞིས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པ་བརྙེས་ཏེ། བྲག་གུའི་ཚོགས་སུ་བཅད་པ་ལས
171a3 ངའི་ཤིང་རྟ་ལེགས་པར་བཅས་པ་ཚུལ་ཁྲིམས་ཡིན།། ངོ་ཚ་ཤེས་པ་ཁ་ལོ་པ་སྟེ་སྲབ་མདའ་དྲན།། ཡང་དག་སྤོང་བ་བཞི་ནི་སྐད་མྱི་འབྱིན་པའི་རྟ།། ང་ནི་ངེས་པར་ཞི་བ་འདུས་མ་བྱས་པར་སོང་།། ཇི་ལྟར་སྤྲིན་ཤུགས་རྒྱལ་བའི་རྟ།།
171a4 སྔོལ་འགོའ་བོ་གནག་པ་བཞིན།། གོའུ་ཏ་མ་ནི་གྲགས་ལྡན་ཀཱི།། ཡང་ངག་རྣམས་ཀྱང་དེ་དང་འདྲ།། འཁོར་ལོས་སྒྱུར་པའི་རྒྱལ་པོའི་ནོར་བུ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགྶ
171a5 པའི་སངས་རྒྱས་ཀྱི། ལྷའི་སྤྱན་ཡང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། ལྷའི་སྤྱན་གིས་བཅོམ་ལྡན་འདས་ཀྱིས། གང་གི་ཚེ་བཞེད་པ་དང་ཇི། སྙེད་བཞེད་པ་དེའི་ཚེ་དང་དེ་སྙེད་གཟིགས་སོ།། ཇི་ལྟར་ནོར་བུ་བྱེ་དུ་སྱ
171a6 ཁོ་ར་ཁོར་ཡུག་སྣང་བ་བཞིན།། སངས་རྒྱས་ཀྱི་ནི་སྤྱན་ཀྱིས་ཀྱང་།། ཥོ་འཁོར་ཡུག་ཀུན་ཏུ་གཟིགས།། འཁོར་ལོས་སྒྱུར་བའི་རྒྱལ་པོ།། བུད་མྱེད་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ
171a7 ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ཀྱང་དེ་དང་འདྲ་བར་བལྟ་བར་བྱ་སྟེ། དཀའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས
171a8 ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པ་བརྙེས་སོ།། ཇི་ལྟར་རྒྱལ་པོའི་བཙུན་མོ་ནི། ཡིད་དུ་འོང་ཞིང་བལྟ་ན་སྡུག། དེ་བཞིན་ཀོའུ་ཏ་མ་གྲགས་ལྡན་གིས།། དཀའ་བ་བྱང་ཆུབ་ཡན་ལག་ཡིན།། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ
171a9 བདག་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རིགས་བཞི་རྒྱལ་རིགས་དང་། བྲམ་ཟེ་དང་། རྗེའུ་རིགས་དང་། དམངས་རིགས་ཀྱང་དེ་དང་འདྲ་བར་བལྟ་བར་བྱ།




iiif viewer powered by OpenSeadragon

170b - 171b

Texts on this page

Ng12.4 - rgyu gdags pa