| e-texts navigator |
| Wylie |
170b1 xxx
170b2 རྒྱལ་པོ་འཁོ་ས་གླང་པོ་དང་།། ཏུད་ང་ནོར་བུ་བུད་མྱེད་དང་།། ཁྱིམ་བདུས་ཟིན་པོ་ན་པའོ།། ཇེ་དྲང་དད་མྱེད་འདོག་དང་།། ཡིད་དུ་འོང་དང་བླམ་དང་།། ཕུང་པོ་གསུམ་པར་འགྲུས་པ་ཡིན། ཁོད་སའི་གྱུ་བའི
170b3 རྒྱལ་མོ་ཡི་བ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་དང་འད་ས་སྨྲ་བ་བྱས་ཏེ།། ཐག་གཱའི་ཚིགས་སུ་བཅད་པས་སུ།། ཟུག་ཟུང་ནི་རྗེས་པོ་སྟེ།། ཆོས་ཀྱི་རྒྱལ་པོ་བླན་ཀྱེ
170b4 མའི་དཀྱིལ་འཁོར་འདི་ཉིད་ན།། ཆོས་ཀྱི་འཁོར་ལོ་སྦྱར་བར་མཛད། ཅེས་གསུངས་པ་བཞིན་ནོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། ཐུགས་བཅེར་ལྡན་ཞིང་ཐུགས་རྗེར་ལྡན།། ཐུབ་པ་འཇིག་རྟེན་ཀུན་པ།
170b5 ཕན།། དེ་བཞིན་གཤེགས་པ་དེ་འདྲར་ལྟོས།། འཁོར་ལོས་སྒྱུར་བ། འི་རྒྱལ་པོའི་འཁོར་ལོས་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ། དེ་བཞིན་གཤེག། ས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འཕགས
170b6 པའི་ལམ་ཡན་ལག་བརྒྱད་པ་ཡང་དེ་དང་འདྲ་བར་བལྟ་བར་བྱས་སྟེ། འཕགས་པའི་ལམ་ཡན་ལག་བརྒྱད་པས། བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས། ཆོས་ཐམས
170b7 ཅད་ལ་སྒྲིབ་པ་མྱེད་པ་བསྙེས་སོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ཇི་ལྟར་རྒྱལ་པོ་འཁོར་ལོ་ཡིས།། ས་འདིར་རྣམ་པར་རྒྱལ་བར་གྱུར།། དེ་བཞིན་སངས་རྒྱས་ལམ་གིས་ནི།།
170b8 བདུད་ཀྱི་བཅིང་བ་བསོད་པར་མཛད།། འཁོར་ལོས་སྒྱུར་བའི་རྒྱལ་པོའི་གླང་པོ་རིན་པོ་ཆེ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་རྫུ་འཕྲུལ་ཀི་རྐང་པ་བཞི་ཡང་དེ་དང་འདྲ་བ
170b9 བལྟ་བར་བྱ་སྟེ། རྫུ་འཕྲུལ་གི་རྐང་པ་བཞིས་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་ཐམས་ཅད་སྤངས་ནས། ཆོས་ཐམས་ཅད་ལ་སྒྲིབ་པ་མྱེད་པར་བརྙེས་སོ།། ཇི་ལྟར་རྒྱལ་པོའི་གླང་པོ་ཆེ། དཀར་ཞིང་མཁས་ལ་འགྲོ་བར་གྱུར་པ།