| e-texts navigator |
| Wylie |
170a1 ངལ་བ་དང་དུབ་པར་མྱི་བྱེད་དོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། མུན་པ་སྣང་བ་མྱེད་པ་དང་།། མུན་ནག་སྨོན་མ་མྱེད་པར་ནི།། མར་མྱེའི་ཏལ་མར་སྙིང་པོ་རྣམས།། ལྐུག
170a2 པར་གཏོང་བར་བྱིན་པར་གྱུར་ད།། ཕ་མ་དག་ལྔ་སྣང་བ་རྣམས།། གསལ་དང་སྒྲོན་དང་འབར་བ་བྱས།། གཉེན་རྣམས་ཀྱང་ནི་ཇི་བཞིན་དུ།། དགེ་སྦྱོང་བྲམ་ཟེ་རྣམས་ལའང་དེ་དང་འདྲ།། ལས་དགེ་བདེ་འདི་ཚེ་རབས
170a3 གཞན་དུ་བྱས་གྱུརར་ཏེ།། ལས་ཀྱི་རྣམ་པར་སྨིན་པ་དེས།། རྒྱལ་པོའི་བློན་པོ་མཁས་པར་གྱུར་།། ཅིའི་ཕྱིར་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། ཅི་ལ་ཡང་ཐོགས་པ་མྱེད་པའི་ཤེས་རབ་དང
170a4 ལྡན་པར་གྱུར་ད་ཅེ་ན། སྨྲས་པ།། བློན་པོ་རིན་པོ་ཆེས་ནི་སྔོན་གི་སྲིད་པ་ད་ང། སྔོན་གི་གནས་དང་། སྔོན་གི་ལུས་དང་། སྔོན་གི་བདག་ཉིད་ཐོབ་པ་དང་།། སྔོན་གི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང
170a5 འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུརྡ་པ་དང་། ཡོངས་སུ་ཟད་པ་དག་ཏུ་དྲེགེ་སྦྱོང་དང་བྲམ་ཟེ་མཁས་ཤིང་གསལ་ལ་ཡིད་གཞུ། ངེས་པ་དང་། བྱང་ཞིང་ཤི་ནད་ཏུ་རྟོག་པར་བྱེད་པ་གང་ཡིན་པ་དེ་དག
170a6 གི་ཐད་དུ་སོང་ནས་བརྟེན་པར་བྱས་ཤིང་བསྙེན་བཀུར་བྱས་ཏེ། དགེ་བ་ནི་ག། ང་ཡིན།། མྱི་དགེ་བ་ནི་གང་ཡིན། ཁ་ན་མ་ཐོ་བ་དང་བཅས་པ་ནི།། པ་ཡིན། ཁ་ན་མ་ཐོ་བ་མྱེད་པ་ནི་གང་ཡིན། ཅི་ཞིག་བྱས་ན
170a7 ལེགས་པར་འགྱུར་ལ། སྡིག་པར་མྱི་འགྱུར་ཞེས་ཡོངས་སུ་དྲིས་ཤི་། ཡོངས་སུ་འདྲི་བ་བྱས་སོ།། དེ་དག་ལས་ཐོས་ནས་ཀྱང་དེ་བཞིན་དུ་བདག་ཉིད་ཀྱིས་བསྒྲུབས་སོ།། གཞན་ཡང་བློན་པོ་རིན་པོ་ཆེ་ནི་རྟོག་པ་བྱེད་ཅིང་། སེཾས
170a8 པའི་རང་བཞིན་ཅན་དུ་གྱུར་ཏོ།། གཞན་ཡང་བློན་པོ་རིན་པོ་ཆེ་ལ་འབྲས་བུ་འམ་རྒྱུའི་སྒོ་ནས་བསྟེན་པ་གང་ཡིན་བདག་བསྐལ་བའི་ཕྱིར་ཤིན་ཏུ་བསྒྲིམ་པ་དྲག་པོ་ལ་ཞུགས་སྟེ་རྒྱུ་དེས་ན་བློན་པོ་རིན་པོ་ཆེ་མཁས་ཤིང་གསལ་ལྔ་ཡིད་གཞུངས་པར
170a9 གྱུརྡ་ཏོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། སྔོན་ནི་བློན་པོ་རིན་པོ་ཆེས་མཁས་པ་རྣམས་ལ་སྙེན་བཀུར་བྱས།། གཞན་ཡང་རྟོག་པར་བྱེད་པ་དང་།། སྒྲུབ་ཕོད་པ་དང་ལེ་ལོ་མྱེད།། དེས་ན་དེ་ན