e-texts navigator
Collection
Volume
Page
Wylie

169b1 རིན་པོ་ཆེ་ལས་ཀྱི་རྣམ་པར་སྦྱིན་པ་ལས་བྱུང་བའི་ལྷའི་མྱིག་དང་ལྡན་པར་གྱུར་ད་ལ།། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ་ཡོད་པ་རྣམས་དང་། བདག་པོ་མྱེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད
169b2 པ་རྣམས་རིང་བ་ཡང་རུང་ཉེ་བ་ཡང་རུང་སྟེ་མཐོང་ངོ་།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། སྔོན་གི་ཚེ་རབས་རྣམས་སུ་དད་པས་རང་གི་ལག་པ་ནས།། ཟས་སྐོམ་གོས་དང་སྤོས་དང་། མེ་ཏོག
169b3 འཕྲེང་དང་བྱུག་པ་བྱིན།། སྣང་བ་རྣམས་དང་གསལ་བ་རྣམས་དང་སྨོན་དངའ་བར་བ་བྱས།། དེས་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཁྱིམ་བདག་ཕྱུག་པ་དང་།། ནོར་མང་གྲོགས་དང་ལྡན་ཞིང་མྱིག་དང་ལྡན་པར་གྱུར་།། ཅིའི་ཕྱིར
169b4 འཁོར་ལོས་སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས
169b5 དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་བ་དང་། གནོད་པར་བྱ་བ་ལ་མྱི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ། སྣང་བ་མྱེད་པ་མུན་ནག་མར་མྱེ་མྱེད་པར་མར་མྱའི་འབྲུ་མར་དང་མར་མྱོའི
169b6 སྙིང་པོ་དང་། མར་མྱེའི་སྣོད་ནམས་བྱིན་པ་དང་། སྒྲོན་མ་རྣམས་དང། མར་མྱེ་རྣམས་དང་། སྡང་བ་རྣམས་བྱས་ནས། མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་བློན་པོ
169b7 རིན་པོ་ཆེ་ཐོབ་བོ།། བློན་པོ་རིན་པོ་ཆེ་དེ་ཡང་མཁས་ཤིང་གསལ་ལ་ཡིད་གཞུངས་པ་དང་། མི་ལ་ཡང་ཐོགས་པ་མྱེད་པའི་རྟོགས་པའི་ཤེས་རབ་དང་ལྡན་ཏེ། དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་སོང་ནས
169b8 ཆེ་འདི་འདོད་ལ་ཡང་འཛུད་པར་བྱེད།། ཆེ་ཕྱི་མའི་དོན་ལ་ཡང་འཇུད་པར་བྱེད།། ཚེ་འདི་དང་ཚེ་ཕྱི་མའི་དོན་ལ་ཡང་འཇུད་པར་བྱེད།། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་དཔུང་དབུལ་བར་འོས་པ་ཡང་དབུལ་བར་བྱེད་ལ
169b9 དཔུང་གསལ་བར་འོས་པ་ཡང་བསལ་བར་བྱེད་དོ།། དེ་ནི་འགྲོ་བ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་པ་ཡང་ངལ་བ་དང་དུབ་པར་མྱི་བྱེད་ལ། ཞམ་འབྲང་བྱེད་པ་གཞན་དག་གི་ཡང




iiif viewer powered by OpenSeadragon

169a - 170a

Texts on this page

Ng12.4 - rgyu gdags pa