| e-texts navigator |
| Wylie |
169a1 བབ་པའི་རྨི།། གསུ་བ་བྱས་ནས་སྨིན་པ་བྱིན།། སྟུག་འཕོངས་རྣམས་ནི་ཚིམ་པར་བྱེད།། ལོངས་སྤྱད་ནས་ནི་བདེ་བར་འགྱུར།། དེས་ན་སྤོང་བ་རྣམས་ཀྱང་རངས།། ལས་ཀྱི་ནམ་སྦྱིན་དེ་ཡིས་ན།། ཚོང་དཔོན
169a2 ཕྲུག་ཅིང་ནོར་མེད་ལ།། ལྷའི་མྱིག་ལྡན་རྫུ་འཕྲུལ་ཆེ།། འཁོར་ལོས་སྐུར་བས་ཐོབ་པར་གྱུར་།། ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། ནོར་རྫས་མང་ཞིང་འདོག་པ་མང་ལ། ནོར་དང་འབྲུ་དང་མཛོད་དང
169a3 བང་མཛོད་དང་རྫས་དང་ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ད་ཅེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གི་སྲེད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་བྲམ་ཟེ་རྣམས་དང་། སྡུག་འཕོངས་པ་རྣམས་དང་། འདྲོན
169a4 པོ་རྣམས་དང་། སློང་བ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང་སྐོམ་དང་། བཅའ་བ་དང་། བཟའ་བ་དང་། ཀོས་དང་སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་གནས
169a5 རྣམས་བྱིན་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མ། ངལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་དང་མཛོད་དང་བང་མཛོད་དང་། རྫས་དང་ཡོ་བྱད་ཀྱི་ཚོགས་མང་།
169a6 བར་གྱུར་ཏོ།། ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ལས་ཀྱི་རྣམ་པར་སྦྱིན་པ་ལས་བྱུང་བའི་མྱིག་དང་ལྡན་པར་གྱུར་ད་ལ།། དེས་གཏེར་ན་མ་པྲ་སྣ་ཚོགས་བདག་པོ་ཡོད་པ་རྣམས་དང་། བདག་པོ་མྱེད་པ་རྣམས
169a7 ཆུའི་ནང་ན་ཡོད་པ་རྣམས་དང་། ཟང་ལ་ཡོད་པ་རྣམས་རིང་བ་ཡང་རུང་ཉེ་བ་ཡང་རུང་སྟེ་མཐོང་ཞེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེ་ནི། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་ཉེ་དུ་དང་།
169a8 བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དྲང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དགའ་བ་གང་ཡིན་པ་དེ་དག་ལ། མུན་པ་སྣང་བ་མྱེད་པ་མུན་གནག་མར་མྱེ་ཁྱེད་པ། མར་མྱེ་འབྲུ་མར་དང
169a9 མར་མེའི་སྙིང་པོ་དང་། མར་མྱེའི་སྡོད་བྱིན་པ་དང་། སྒྲོན་མ་རྣམས་དང་མར་མྱེ་རྣམས་དང་། སྣང་བ་རྣམས་བྱས་ནས། དེ་ལྟ་བུ་གང་དང་། གཞན་ཡང་མུན་པ་ཆེན་པོ་མྱེད་པར་བྱས་ཏེ། རྒྱུ་དེས་ན་ཁྱིམ་བ