e-texts navigator
Collection
Volume
Page
Wylie

166a1 ན་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་། དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ
166a2 བཙུན་མོ་དེས་ན། ཇི་ལྟར་བ་ཉ་སངས་ཀྱིས་སྐར་མ་རྣམས་ཟིལ་ཀྱིས་གནོན་པར་བཞིན་དུ།། བུད་མྱེད་ཐམས་ཅད་ཟིལ་ཀྱིས་ནོན་པར་འདུག་གོ།། བཙུན་མོ་དེ་ནི་བུ་འབྱུང་བར་མྱི་འགྱུར་རོ།། བུད་མྱེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ།།
166a3 འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་རོ།། བུད་མྱེད་རིན་པོ་ཆེ་ཐམས་ཅད་ནི། མཐོ་རིས་སུ་ཉེ་བར་འགྱུར་རོ།། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ཟས་དང་སྐོམ་དང་། གོས
166a4 དང་སྤོས་མེ་ཏོག་འཕྲེང་དང་ཐུག་པ་རྣམས།། རང་གི་འཁོར་བཅས་དགའ་བཞིན་དུ།། སྔོན་གི་སྐྱེ་བ་དག་ཏུ་བྱིན།། ལས་ཀྱི་རྣམ་སྦྱིན་དེའི་ས་ན།། འཁོར་ལོས་སྒྱུར་བའི་རྒྱལ་པོའི།། བུད་མྱེད་མཆོག་ཏུ་བཟང་བ་དང་།།
166a5 རྣམ་པ་ཐམས་ཅད་ཕུན་སུམ་ཚོགས།། ཅིའི་ཕྱིར་བུད་མྱེད་རིན་པོ་ཆེ་གཟུ་གས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མྱའི་མདོག་ལས་ནི། འདས་ལྷའི་མདོག་ནི་མ་ཐོབ་པར་གྱུར་ད་ཅེ་ན། སྨྲས་པ
166a6 བུད་མྱེད་རིན་པོ་ཆེས་ནི། སྔོན་ཀི་སྲིད་པ་ཞེས་བྱ་བ་རས་རྒྱས་པར་སྨ་ཏེ།། སྦྱིན་པ་རྣམ་པར་དག་པ་དག་བྱིན་ཏེ། རྒྱན་རྣམས་དང་། ཟས་དང་སྐོམ་དང་བཅའ་བ་དང་། བཟའ་བ་དང་། གོས་དང་སྤོས་དང
166a7 མེ་ཏོག་འཕྲེང་དང་། ཐུག་པ་དང་། མལ་མ་དང་། སྤྱན་དང་གནས་དང་། མར་མེ་རྣམ་པར་དག་པ་དག་བྱིན་ཏེ་རྒྱུ་དེས་ན།། བུད་མྱེད་རིན་པོ་ཆེ་གཟུགས་བཟང་ཞིང་བསྟན་སྡུག་ལ་མཛེས་པ་དང་། མྱིའི་མདོག་ལས་ནི་འདས
166a8 ལྔའི་མདོག་ནི་མ་ཐོབ་པར་གྱུར་ད་ཏོ།། ཅིའི་ཕྱིར་བུད་མྱེད་རིན་པོ་ཆེ་ཧ་ཅང་ཡང་མྱི་དཀར། ཧ་ཅང་ཡང་མྱི་སྔོ་སྟེ། པགས་པའི་མདོག་པྲི་ཡང་གུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མྱི་རིང་། ཧ་ནང་ཡང་མྱ་ཐུང་སྟེ།
166a9 ལུས་རན་པར་འདུག་པ་དང་། ཧ་ཅང་ཡང་སྐྱེམ་པ་ཡང་མ་ཡིན། ས་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་པར་གྱུར་ད་ཅེན། སྨྲས་པ། བུད་མྱེད་རིན་པོ་ཆེས་ནི་སྔོན་ཀི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།




iiif viewer powered by OpenSeadragon

165b - 166b

Texts on this page

Ng12.4 - rgyu gdags pa