| e-texts navigator |
| Wylie |
165b1 མུན་ནག་ཡར་མྱེ་མྱེད་པར་ནི།། མར་གི་ཏིལ་མར་སྙིང་པོ་རྣམས།། སྡུག་པར་གཏོང་དང་ལྡན་པས་བྱིན།། གཞན་ཡང་གསལ་དང་སྣང་དང་།། སྒྲོན་དང་འབར་བ་རྣམས་ཀྱང་བྱིན།། དེ་ནས་རྒྱལ་པོ་ཀསལ་དག་པའི།། བྱེ་རུ་རྱའི་ནོར་བུ་དག།
165b2 ནོར་བུ་རིན་པོ་ཆེ་གནས་འོངས་ཞེ་ན། སྨྲས་པ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ། འཇིག་རྟེན་དུ་འབྱུང་བ་ན་དེ་ཀུ་རྣམས་སམ། ཡང་ན་རྒྱལ་པོ་ཆེན་པོ་བཞི་དབུལ་བར་བྱེད་དོ།། ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས
165b3 བུད་མྱེད་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། དགེ་སྦྱོང་དང་བྲམ་ཟེ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་འཕོངས་པ་རྣམས་ལ་བྱིན་པ
165b4 འདི་ལྟ་སྟེ། ཟས་དང་སྐོམ་དང་། བཟའ་བ་དང་། བཅའ་བ་དང་། གྲོས་དང་སྤོས་དང་། མེ་ཏོག་འཕྲེང་དང་། བྱུག་པ་དང་། མལ་ཚ་དང་། སྟན་དང་། གནས་དང་། མར་མྱེ་རྣམས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི
165b5 རྒྱལ་པོས་བུད་མྱེད་རིན་པོ་ཆེ་ཐོབ་བོ།། བུད་མྱེད་དེ་ཡང་གཟུགས།། བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མྱིའི་མདོག་ལས་ནི་འདས།། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། བཙུན་མོ་དེ་ནི་ཧ་ཅང་ཡང་མྱི
165b6 དཀར། ཧ་ཅང་ཡང་མྱ་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུ་འི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མྱི་རིང། ཧ་ཅང་ཡང་མྱི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ
165b7 བ་ཡང་མ་ཡིན། ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་ལ་བཙུན་མོ་སྟེ། གྲང་བའི་དུས་ན་ནི་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་ལ། ཚ་བའི་དུས་ན་ནཻ་རེག་ན་བསིལ་བར་འགྱུར་རོ།། བཙུན་མོ་དེ་ནི
165b8 སྤུའི་ཁུང་བུ་ཐམས་ཅད་ནས། ཙན་དན་ཀི་དྲི་འཐུང་ལ་ཁ་ནས། ཨུད་པ་ལའི་དྲི་འཐུང་སྟེ། དེ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་། ཕྱི་ནས་ཉལ་བ་དང་། ཅི་བྱའ་བའི་ལུང་མནོད་པ་དང་། མཁས་ཤིང་ཡིད་དུ
165b9 འོང་བར་བྱེད། སྙན་པར་སྨྲ་བར་བྱེད་དོ།། དེ་ནི་ཡིད་ཀྱི་དཀུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མྱི་བྱེད་ན། ལུས་དང་ངག་དང་། ལྟ་ག་ལ་བྱེད། བཙུན་མོ་དེ་ནི་གལ་ཏེ་ཁ་ཅིག་གིས་འགྲོ་བར་མཐོ