| e-texts navigator |
| Wylie |
165a1 ཧཱ། སྤྲིན་གི་ཤུགས་ཅན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ། ཤེས་པར་གིས་ལ། དེའི་རྟ་རིན་པོ་ཆེ་ཟོང་ཤིཀ། དེ་ནས་རྟའི་རྒྱལ་པོ་སྤྲིན་གིཤུགས་ཅན་གིས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན
165a2 ཀིས་བསྒོ་བ་བཞིན་དུ་མཉན་ནས། བུ་ཐུ་བོ་གཏོང་བར་བྱེད་དོ།། གལ་ཏེ་དེ་ཆེས་སྔར་འཆི་བར་འགྱུར་ན་ནི།། དེའི་ཚེ་དེས་ཡང་དེའི་འོག་མ་གཏོང་བར་བྱེད་དོ།། ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་འཆི་བར་གྱུར་ད་ན་ནི།
165a3 དེའི་ཚེ་རྟ་རིན་པོ་ཆེ་དེ་རང་གི་གནས་སུ་འགྲོ་བར་འགྱུར་རོ།། ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།
165a4 ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དགའ་བ་གང་ཡིན་པ་དེ་དག་ལ། མུན་པ་སྣང་བ་མྱེད་པ། མུན་ནག
165a5 མར་མེ་མྱེད་པ་དང་། མར་མྱེའི་འབྲུ་མར་དང་། མར་མྱེའི་སྙིང་པོ་དང་། མར་མྱེའི་སྣོད་རྣམས་བྱིན་པ་དང་སྒྲོན་མའི་རྣམས་དང་། མར་མྱེ། རྣམས་དང་། སྣང་བ་རྣམས་དང་། མུན་པ་ཆེན་པོ་མྱེད་པར་བྱས
165a6 ཏེ། དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་བོ་ནོར་བུ་རིན་པོ་ཆེ་དེ་ཡང་བྱེ་དུ་རྱ་ཟུར་བརྒྱད་པ་བཟང་པོ་རགས་པ་ཆེ་བ། དག་ཅིང་རྙོག་པ་མྱེད་ལ་རྣམ་པར་གསལ་བ་སྟེ། འཁོར་ལོས་སྒྱུར་བའི
165a7 རྒྱལ་པོ་བཙུན་མོའི་འཁོར་དུ་སྣང་བ་ཇི་ཙམ་བགོས་པ་དེ་དག་ཐམས་ཅད།། ནོར་བུ་དེའི་འོད་ཀྱིས་བྱེད་དོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་དེ་སད་པར་འདོད་དེ། དེ་ནས་མཚན་མོའི་མུན་ནག་ཐིབས་པོ་ཆར
165a8 ཟིམ་བུ་འབབ་ཅིང་ཀློག་གྱུརྡ་པའི་ནང་དུ་ནོར་བུ་རིན་པོ་ཆེ་རྒྱལ་མཚན་ཀ་རྩེ་མོ་ལ་བཏགས་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། བསྐྱེད་མོས་ཚལ་གི་ཐོག་ཏུ་སོང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་དཔུང་གི
165a9 ཚོགས་ཡན་ལག་བཞི་པ་ཇི་སྙེད་པ་ཐམས་ཅད་དང་། ཉེན་ཀོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་ཚུན་ཅད་ནོར་བུ་དེའི་འོད་ཀྱིས་ཀྱང་ཁྱབ་བོ།། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། མུན་པ་སྣང་བ་མྱེད་པ་དང