e-texts navigator
Collection
Volume
Page
Wylie

164b1 དེ་ནས་རྟའི་འདུལ་སྐྱོང་མཁན་ལེགས་འགྲོས་ལྷ་བཀའ་བཞིན་འཚལ་ལོ་ཞེས་བྱས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་མཉན་ཏེ། རྟ་རིན་པོ་ཆེ་བརྡའ་རྣམས་སློབ་དུ་བཅུག་ནས། ཉི་མ་གཅིག་གིས་བརྡ་ཐམས་ཅད
164b2 ལོབས་ཏེ། དེ་པར་ན་དེ་མ་ཡིན་པའི་རྟ་རྣམས། ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་བརྡའ་རྣམས་ལོབས་པ་དེ་བཞིན་དུ། རྟ་རིན་པོ་ཆེ་ཉི་མ་གཅིག་གིས་བརྡའ་ཐམས་ཅད་ལོབས་སོ།། དེ་ནས་རྟའི་འདུལ་སྦྱོར་མཁན་ལེགས་འགྲོས།། ཛྷའི།
164b3 རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ད་ཏོ།། ལྷ་མཁྱེན་པར་མཛད་དུ་གསོལ།། ལྷའི་རྟ་རིན་པོ་ཆེ་བདག་གས
164b4 བཏུལ་གིས།། ལྷས་གང་གི་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་པར་གསོལ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་དེ་བསྙད་པར་འདོད་དེ།། ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། འདི་ལ་ཆོས་ཉིད་ནི་འདི
164b5 ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། སྦྱིན་པ་མང་པོ་བརྒྱན་བྱས།། ནས།། ཅི་རིགས་པར་ནི་སྦྱིན་པར་གྱུར་།། གླང་པོ་རྟ་དང་ཤིང་རྟ་ཁྱོ། གས།། སྤྱི་ཀ་ཥར་སྤྲ་ཁར་ཁྲི་རྣམས་དང་།། སྟེགས་ཀྱང་འདོགས
164b6 སུ་བཅུག་པ་དང་།། གྲུ་དང་ཟམ་པ་རྣམས་དང་ནི།། གསེར་ལས་བྱས་པའི་ཁྱོགས་རྣམས་ཀྱང་།། དགའ་བཞིན་རང་ཀི་ལག་ནས་བྱིན།། དེས་ན་སྔོན་པོ་མོཀ་གནག་པོའོ།། རྟ་ནི་རྒྱལ་པོས་ཐོབ
164b7 པར་འགྱུར།། རྟ་རིན་པོ་ཆེ་དེ་ཀ་ལས་འོངས་ཞེ་ན།། སྨྲས་པ། ནུབ་ཕྱོགས་ན་གླིང་ཕྲན་ལ་བུ་ཅན་ཞེས་བྱ་བ་ཞིག་ཡོད་དེ།། དེ་ན་རྟའི་རྒྱལ་པོ་སྤྲིན་གི་ཤུགས་ཅན་ཞེས་བྱ་བ། གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ།། ཐོས
164b8 ཅད་སྔོལ་མགོ་བོ་ཀན་ཀ་ཅིང་།། ཕྲམ་ཕུམ་ཡིད་དུ་འོང་བ་ཞིག་གནས་སོ།། དེ་ནི་འཁོར་རྟའི་རྒྱལ་པོ་ཁྲི་བརྒྱད་སྟོང་ཡོད་དེ།། དེ་དག་ཐམས་ཅད་ཀྱང་། གཟུགས་བཟང་ཞིང་བསྟན་སྟུག་ལ་མཛེས་པ།། ཐམས་ཅད་སྔོན
164b9 མགོ་བོག་ནཀ་ཅིང་། ཕུམ་ཕུམ་ཡིད་དུ་འོང་བཤ་སྟག་གོ།། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ།། འཇིག་རྟེན་དུ་འབྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གིས་རྟའི་རྒྱལ་པོ་སྤྲིན་གི་ཤུགས་ཅན་ལ་བསྒོ་བ




iiif viewer powered by OpenSeadragon

164a - 165a

Texts on this page

Ng12.4 - rgyu gdags pa