e-texts navigator
Collection
Volume
Page
Wylie

164a1 ཤིག།། དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་རྟན་གིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གིས་བསྒོ་བ་བཞིན་དུ་མཉན་ནས་བུ་ཐུ་བོ་གཏོང་བར་བྱེད་དོ།། གལ་ཏེ་དེ་ཆེས་སྔར་མཆི་བར་གྱུར་པ་ན། དེའི་ཚེ་དེས་ཡང
164a2 དེའི་འོག་མ་གཏོང་བར་བྱེད་དོ།། ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་མཆི་བར་གྱུར་ད་ན་ནི། དེའི་གླང་པོ་རིན་པོ་ཆེ་དེ་རང་གི་གནས་སུ་འགྲོ་བར་འགྱུར་རོ།། དེ་ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ
164a3 ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ
164a4 བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དཀའ་བ་གང་ཡིན་པ་དེ་དག་5། ཅི་རིགས་པར་བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་རྣམས་དང་། རྟའི་བཞོན་པ་རྣམས་དང་།
164a5 ཤིང་རྟའི་བཞོན་པ་རྣམས་དང་། ཤིང་རྟའི་བཞོན་པ་རྣམས་དང་། ཁྱོགས་ཀྱི་བཞོན་པ་རྣམས་དང་། སྨྱིག་མའི་ཁར་པ་རྣམས་དང་། སཱ། ཁར་རྣམས་དང་། ཁྲི་རྣམས་བྱིན་པ་དང་། སྟེགས་འཆར
164a6 བཅུག་པ་དང་། གྲུ་དང་འམ་པ་རྣམས་དང་། ལཱམ་རྣམས་བྱིན་དང་། ཀུན་ཏུ་དཀའ་བར་བྱེད་པ་རྣམས་དང་། ཀ་སེར་ཁྱོགས་རྣམས་སེམས་དཀའ་བས་རང་གི་ལག་པ་ནས་བྱིན་པ་དང་། དེ་དག
164a7 དང་གཞན་ཡཔ་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱི་རིགས་པར་བྱིན་ཏེ།། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཏཱ་རིན་པོ་ཆེ་ཐོབ་བོ།། རྒྱ་རིན་པོ་མེད་ཡང་ཐམས་ཅད་སྔོལ་འགོ་བོ་ཀནག་ཅིང་བུམ་བུམ་ཡིད་དུ་འོང་བ་སྟེ།
164a8 རྒྱལ་པོ་སྤྲིན་ཟུགས་ཅན་ཞེས་བྱའོ།། སྐྱེདེ་འཁོར་ལོལ་ལྡང་བའི་རྒྱལ་པོས་མཐོང་ནི་སེམས་དགའ་སྟེ། རྟརིན་པོ་ཆེ་འདོན་འཐང་བསྟེ། ལན་ཅིག་གི་ས་རུས་པར་འགྱུར་རོ་སྙམ་མོ།། དེ་ནས་འཁོར་མོ་མ་སྣ
164a9 བའི་རྒྱལ་པོས་རྟའི་འདུལ་སྐྱོང་མཁན་ལེགས་འགྲོས་ཕོ་ཉས་བཀུག་པས། རྟའི་འདུལ་སྦྱོང་མཁན་ལེགས་འགྲོ་ལ་བསྒོ་བ།། ལེགས་འགྲོ་ཤེས་པར་གིས་ཤིག། ཏ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྐྱོང་བྱོས་ལ་ཉོན་ཅིག།




iiif viewer powered by OpenSeadragon

163b - 164b

Texts on this page

Ng12.4 - rgyu gdags pa