| e-texts navigator |
| Wylie |
163b1 ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། བདེ་བའི་བཞོན་པ་བྱིན་པ་དང་།། བཞོན་པ་མང་པོ་བྱིན་པ་དང་། གླང་པོ་རིན་པོ་ཆེ་མང་ཁྱོགས།། སྨྱིག་ཁར་སྤ་ཁར་ཁྲི་རྣམས་དང་། སྟེགས་ཀྱང་འདོམས་སུ་བཅུག་པ་དང་།། གྲུ་དང
163b2 ཟམ་པ་རྣམས་དང་ནི།། ལྷམ་རྣམས་ཀྱང་ན་བྱིན་པ་དང་།། ཀུན་ཏུ་དགའ་བ་སྣ་ཚོགས་བྱིན།། དེས་ན་རྒྱལ་པོ་རིན་པོ་ཆེ།། ཡན་ལག་བདུན་པོ་ལེགས་གནས་ཐོབ།། གླང་པོ་རིན་པོ་ཆེ་དེ་ག་ལ་འོངས་ཞེ་ན། སྨྲས་པ།། བྱང་ཕྱོགས
163b3 ནས། གསེར་གི་བྲག་སཱ་མ་ཡིན་གྱི་ངོས་ཤེས་བྱ་བ།། བྱ་སྐྱིབས་སུ་འདུག་ཆུམ་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་འཕང་དུ་དཔག་ཚད་བྱེ་དང་བཞི་ཡོད་པ། གཟུགས་བཟང
163b4 ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ།། དེའི་ཁོ་ར་ཁོར་ཡུག་ན་ཡ་། གསེར་གི་བྲག་བྱ་སྐྱིབས་བརྒྱད་སྟོང་ཡོད་དེ།། དེ་དག་ཐམས་ཅད་ཀྱང་ཀ། ཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ་ཤ་སྟག་གོ།། དེ་ན་གླང་པོ།
163b5 འི་རྒྱལ་པོའི་ར་བརྟན་ཞེས་བྱ་བ། གཟུགས་བཟང་ཞིང་བལྟ་ན་སྡུ། ག་ལ་མཛེས་པ་མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་ཀར་དུ་འདུག། ལ་ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོ་ཡང
163b6 གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་སྔོ་ཞིང་སྲི། ཆགས་སྣམ་བུ་ཆུ་ག་ཤེར་གི་མདོག་ལྟ་བུར་དབུས་དམར་ལ། མ་བ་དྲུག་ཡོད་པ་ཞིག་གནས་སོ།། དེའི་འཁོར་གླང་པོ་ཆེའི་རྒྱལ་པོ
163b7 བརྒྱད་སྟོང་ཡོད་དེ།། དེ་དག་ཐམས་ཅད་ཀྱང་། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་དཀར་དུ་འདུག་ལ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེ་དག་གི་མགོ་བོ
163b8 ཡང་གཟུགས་བཟང་ཞིང་བསྟན་སྡུག་ལ་མཛེས་པ། མདོག་སྔོ་ཞིང། སྲོག་ཆགས་སྐམ་བུ་ཆུག་ཤེས་གི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤྲ་སྟག་ཀོ།། ཀང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན
163b9 དུ་འབྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གིས་གླང་པོ་ཆེའི་རྒྱལ་པོ་རབརྟན་ལ། བསྒོ་བ།། རབ་རྟན་འཁོར་ལོས་སྒྱུར་བའི་རྒྱལ་པོ།། འཇིག་རྟེན་དུ་འབྱུང་བར་ཤེས་པར་གིས་ལ། དེའི་གླང་པོ་རིན་པོ་ཆེ་ཐོང