e-texts navigator
Collection
Volume
Page
Wylie

163a1 རྣམས་དང་། ཁྲི་རྣམས་བྱིན་པ་དང་། སྟེགས་འཆར་བཅུག་པ་དང་། གྲུ་དང་ཟམ་པ་རྣམས་དང་། སྔམ་རྣམས་བྱིན་པ་དང་། དེ་དག་དང་གཞན་ཡང་བདེ་བའི་གཞོན་པ་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན
163a2 འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་ཐོབ་བོ།། གླང་པོ་རིན་པོ་ཆེ་ཡང་། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་དཀར་དུ་འདུག་པ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། གླང་པོ་ཆེའི་རྒྱལ་པོ་བསྙེན་གནས་ཤེས་བྱའོ།།
163a3 དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས་སེམས་དགའ་སྟེ། གླང་པོ་རིན་པོ་ཆེ་འདི་ནི་བཟང་སྟེ། ལན་ཅིག་གིས་འདུལ་བར་འགྱུར་རོ་སྙམ་མོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས། གླང་པོ་ཆེའི་འདུལ་སྦྱོང་མཁན།
163a4 ལེགས་འགྲོ་ཕོ་ཉས་བཀུག་ནས་གླང་པོ་ཆེའི་འདུལ་སྐྱོང་མཁན། ལེགས་འགྲོ་ལ་བསྒོ་བ་ཏ། ལེགས་འགྲོ་ཤེས་པར་གས་ཤིག། གླང་པོ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་ཉོན་ཅིག། དེ་ནས་གླང་པོ
163a5 ཆེའི་འདུལ་སྦྱོང་མཁན་ལེགས་འགྲོས་ལྔ་བཀའ་བཞིན་འཚལ་ཞེས་བྱས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་གཉན་ཏེ།། གླང་པོ་རིན་པོ་ཆེ། བདའ་རྣམས་སློབ་དུ་བཅུག་ནས།
163a6 ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་གླང་པོ་ཆེ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་བརྡ་རྣམས་ལོབས་པ་དེ་བཞིན་དུ། གླང་པོ་རིན་པོ་ཆེས་ཉི་མ་གཅིག་གིས་བརྡའ་ཐམས་ཅད
163a7 ལོབ་སོ།། དེ་ནས་གླང་པོ་ཆེའི་གདུལ་སྐྱོང་མཁན་ལེགས་འགྲོས་གླང་པོ་རིན་པོ་ཆེ། ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཀ་ལ་བ་དེར་སོང་སྟེ། ཕྱིན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད
163a8 ཅེས་གསོལ་ཏོ།། ལྷ་མཁྱེན་པར་མཛད་དུ་གསོལ།། ལྷའི་གླང་པོ་རིན་པོ་ཆེ་བདག་གིས་བཏུལ་ལགས་གིས། ལྔས་གང་གཽ་དུ་ལ་བབ་པར་མཁྱེན་པ་བཞིན་མཛད་པར་གསོལ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས
163a9 གླང་པོ་རིན་པོ་ཆེ། དེ་གསད་པར་འདོད་དེ། ཉི་མ་འཆར་ཀའི་ཚ། གླང་པོ་རིན་པོ་ཆེ་ལ་ཞོན་ནས། ས་ཆེན་པོ་རྒྱ་མཚོར་ཐུག་པ་འདི་སྐོར་ཏེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འོངས་ནས། ཁྱེའུ་སུས་ཟའོ།། འདི་ལ་ཆོས




iiif viewer powered by OpenSeadragon

162b - 163b

Texts on this page

Ng12.4 - rgyu gdags pa