e-texts navigator
Collection
Volume
Page
Wylie

162b1 རྫོགས་པར། དག་པ་གཙང་བ། མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྲིས་གསེར་ལས་གྲུབ་པ། མངོན་པར་སྤྲུལ་ཏོ།། དེ་ནས་ལྷའི་བུ་ལས་ཐམས་ཅད་པས། ལྷའི་འཁོར་ལོ་རིན་པོ་ཆེ། མངོན་པར་སྤྲུལ་ནས
162b2 རྒྱལ་པོ་ཆེན་པོ་བཞི་ལ་བསྒོ་བ། གྲོགས་པོ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ཤེས་པར་གིས་ལ། དེའི་ལྷའི་འཁོར་ལོ་རིན་པོ་ཆེ་སྐུར་ཅིག། དེས་ན་རྒྱལ་པོ་ཆེན་པོ་བཞིས་ལྷའི་བུ་ལས་ཐམས་ཅད་པས། བསྒོ་བ
162b3 བཞིན་དུ་མཉན་ཏེ། ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ་གྲོགས་པོ་དག། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ཤེས་པར་གས་ལ། དེ་ལ་ལྷའི་འཁོར་ལོ་རིན་པོ་ཆེ་ཕུལ་ཅིག། དེ་ནས་རྒྱལ་པོ་ཆེན་པོ་བཞིས་བསྒོ་བ
162b4 བཞིན་དུ་ཞོ་ཤས་འཚོ་བ་རྣམས་ཀྱིས་མཉན་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཆེ། ཞུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་བསྐོར་བ་ན། ཉི་མ་ཤར་ཀའི་ཚེ
162b5 ཤར་ཕྱོགས་ནས་ལྔའི་འཁོར་ལོ་རིན་པོ་ཆེ་དབུལ་བར་བྱེད་དོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། རྫུ་འཕྲུལ་ཆེན་པོ་ལས་ཀུན་ལ།། ལྔའི་རྒྱལ་པོས་བསྐུལ་ནས་ཀྱང་།། གསེར་གི་འཁོར་ལོ།།
162b6 རྩིབས་སྟོང་པ། ལྟེ་བ་མུ་ཁྲུད་བཅས་པ་སྤྲུལ། ཨཱའི་བུ་ནི་རྫུ་འཕྲུལ་ཆེ།། ལྷ་རྒྱལ་རྣམས་ཀྱིས་བསྐལ་བས་ཀྱང་།། བསོད་ནམས་བྱས་པའི་རྒྱལ་དེ་ལ།། འཁོར་ལོ་ཡང་ནི་དབུས་བར་བྱེད།། ལུས་ཀྱི་ལམ་བཅུ་དཀར
162b7 བ་རྣམས།། སྔོན་མི་ཡང་དག་བླངས་པར་གྱུར།། དེས་ན་ལས་ནི་ཐམས་ཅད་པས།། བཕྲུལ་པའི་འཁོར་ལོ་རྒྱལ་པོས་ཐོབ།། ཅིའི་ཕྱིར་འཁོར་ལོས་སྦྱར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་ཐོབ་ཅེ་ན། སྤྲས་པ། འཁོར་ལོས་སྦྱར།
162b8 བའི་རྒྱལ་པོས་ནི།། སྔོན་ག་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་མྱི་དཀའ་བ་གང་ཡིན་པ་དེ་དག
162b9 ས། བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་གཞོན་པ་རྣམས་དང་། རྟའི་བཞོན་པ་རྣམས་དང་། ཤིང་རྟའི་བཞོན་པ་རྣམས་དང་། ཁྱོགས་ཀྱི་གཞོན་པ་རྣམས་དང་། སྨུག་མའི་ཁམ་པ་རྣམས་དང་། སྭ་ཥ




iiif viewer powered by OpenSeadragon

162a - 163a

Texts on this page

Ng12.4 - rgyu gdags pa