e-texts navigator
Collection
Volume
Page
Wylie

162a1 གླང་པོའི་ཚོགས་དང་། རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་ཆ་བཀོས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཟབ་པ་དང
162a2 འཚང་འདྲུ་བ་དང་། འགྱེད་པ་དང་རྩོད་པར་བྱེད་ཅིང་མཚོན་བཟོ་བར་བྱེད་ཀྱི། གཅིག་ལ་གཅིག་གསོད་པར་ནི་མྱ་བྱེད་ཀྱི་དེ་དག་དང་འཐབ་པ་དང་། འཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པས་བྱེ་བྲག་ཕྱེ་ནས་དེའི་འོག་ཏུ
162a3 ཆད་པ་མྱེད་ཅིང་། མཚོན་གྱིས་བདའ་བ་མྱེད་ལ། ཆོས་དང་འཐུན་ཞིང་སྙོམས་པས། ལེགས་པར་ཕབ་སྟེ་གནས་སོ།། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ
162a4 ལས་རྒལ་ནས་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོ་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་སའི་སྟེ་ངན་སྲོག་ཤིང་ལ་གཞག་པ་བཞིན་དུ་གནས་སོ།། དེ་ལ་ཆོས་ཉིད་ནི་འདི།
162a5 ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། གང་ལ་མྱིའི་མ་ཡིན་པའི།། གསེར་གི་འཁོར་ལོ་འབྱུང་འགྱུར་བའི།། དེས་ནི་ཚུལ་ཁྲིམས་ཡང་དག། བླངས།། ཡོངས་སུ་རྫོགས་ཤིང་ཉམས་པ་མྱེད།། རྒྱལ་པོ་དེ་ནི
162a6 རྫུ་འཕྲུལ་ཆེ།། ས་སྟེང་འདི་ནི་ཐུལ་བར་འགྱུར།། སུ་ཡང་གསོད་པར་མྱ་བྱེད་དེ།། དེའི་ས་ཆད་པ་མྱེད་པ་དང་།། འཐུན་པས་ལེགས་པར་བཏུལ་བ་ར་འགྱུར།། ། རྒྱུ་ག་དགས་པ།།
162a7 བམ་པོ་གསུམ་པ།། འཁོར་ལོ་རིན་པོ་མེ། རེ་ག་ལས་འོངས་ཞེ་ན། སྤྲས་པ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བའི་ཚེ། ལྷ་རྣམས་ཀྱི
162a8 དབང་པོ་བརྒྱ་བྱིན་གིས། སཱའི་ཕུལས་ཐམས་ཅད་ལས་བསྐྱོ་བ། ལས་ཐམས་ཅད་པ་འཁོར་ལོས་སྦྱར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ཞེས་པར་གིས་ལ།། དེའི་ལྷའི་འཁོར་ལོ་རིན་པོ་མེ། མངོན་པར་ཕུལ་བར་གིས་ཞིན
162a9 དེ་རས་ལྔའི་བུ་ལས་ཐམས་ཅད་པས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གིས། སྒོ་བ་བཞིན་དུ་མཉན་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས་སྟོང་པ། ལྟེ་བ་དང་བཅས་སུ་ཁྲད་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས




iiif viewer powered by OpenSeadragon

161b - 162b

Texts on this page

Ng12.4 - rgyu gdags pa