| e-texts navigator |
| Wylie |
161b1 འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་འཁོར་ལོས་སྒྱུར་བའི་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོས་ག
161b2 ལ།། གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཆ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན་། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས་ནས། ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས
161b3 སྟོང་པ། ལྟེ་བ་དང་བཅས་མུ་ཞུད་དང་བཅས་པ། དག་ཅིང་ཀཙང་ལ། མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་ཀིས་ལྕགས་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཞེས
161b4 ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པ་ར་ངེས་སོ་སྙམ་མོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལ་ངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས། པུས་མོ་གཡས
161b5 པའི་ལྔ་ངས་ལ་བཙུགས་ཏེ།། ལྷའི་འཁོར་ལོ་རིན་པོ་ཆེ། ལག་པ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པར་ཤར་ཕྱོགས་ལོགས་སུ་ཕུལ་ནས། འདི་སྐད་དུ
161b6 འཁོར་ལོ་རིན་པོ་ཆེ། སྔོན་གི་འཕགས་པས། འཁོར་ལོས་སྤུར་བའི་ལམ་གང་ཡིན་པ་ལས་རྒྱལ་བར་གིས་ཤིག། ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གི་འཕགས་པ། འཁོར་ལོས་སྒྱུར་བའི་ལམ་ཀང་ཡིན་པ་ལས་རྣམ
161b7 པར་རྒྱལ་བར་གས་ཤིག། རྣམ་པར་རྒྱལ་བར་གིས་ཤིག་ཅེས་བྱས་ནས། ལྷའི་འཁོར་ལོ་རིན་པོ་ཆེ། སྔོན་ཀི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས
161b8 ཡན་ལག་པའི་པ་དང་། ལྷན་ཅིག་ཏུ། ཀྭའི་འཁོར་ལོ་རིན་པོ་ཆེ། དེའི་ཕྱི་བཞིན་འགྲོ་བར་འགྱུར་རོ།། ལྷའི་འཁོར་ལོ་ན་པོ་ཆེ། ཕྱོགས་ཀྱང་དུ་སྡོད་པ་དེར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པར
161b9 ལྡན་ཅིག་ཏུ། མཚན་མོའི་དགོངས་མལ་འདེབས་སོ།། ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་དཔུང་བུ་ཆུང་གི་ཚོགས་ཡན་ལག་བཞི་པ་དང