| e-texts navigator |
| Wylie |
161a1 དེ་དག་ལ་ནི་འདི་སྐད་བ་ནོའོ།། ཡུལ་ཀཱི་གཙོ་བོ་རྣམས་དེ་བས་ན།། རང་རང་གི་ནི་སུས་འཁོར་ནམས།། ཆོས་བཞིན་དུ་ནི་འདུལ་བར་གིས།། ཆོས་ཀྱི་ཁྱོད་དང་གྱི་མཐུན་སྤྱོད།། སུ་ཡང་འདིར་ནི་གནས་མ་གསུམ
161a2 དེ་ལྟར་བྱེད་ན་ཁྱེད་རྣམས་ཀྱང་།། ངའི་ཞམ་འབྲིང་བྱེད་པ་ཡིན།། ཀང་ལ་མྱི་མ་ཡིན་པའི།། དངུལ་ཀ་འཁོར་ལོ་འབྱུང་འགྱུར་བ།། དེས་ནི་ཚུལ་ཁྲིམས་ཡང་དག་བླངས།། དེས་ན་སྔ་ནས་དམན་པ་མྱེད།། རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ།། ས
161a3 སྟེང་འདི་ནི་ཐུལ་བར་འགྱུར།། དེ་ལ་རྒྱལ་ཕྲན་རྣམས་ཀྱིས་ནི།། བསུ་ཞིང་སྨྲ་བར་མྱི་བྱེད་དེ།། འོངས་ནས་དེར་ནི་འགྲོ་བ་དང་།། མྱུར་དུ་དེ་དང་མཐུན་པར་བྱེད།། ཆུར་གཤེགས་ལྔ་ནི་གཤེགས་པ་ལེགས།། ཡུལ་འདི་དག་ནི་ཁྱོད་ཀྱི
161a4 ལགས།། འདི་དག་ལྔའི་ས་གདུལ་དུ་གསོལ།། བདག་ཅག་ཁྱོད་ཀྱི་ཞམ་འབྲིང་འཚལ།། རྒྱལ་པོ་ཆོས་དང་ལྡན་པའི་ས།། དེ་དག་བགོ་བ་རྒྱས་པར་སྦྱར།། གང་ལ་མྱིའི་མ་ཡིན་པ་ལི།། ཟངས་ཀྱི་འཁོར་ལོ་འབྱུང་འགྱུར་བ།། དེས་ནི་ཚུལ
161a5 ཁྲིམས་ཡང་དག་བླངས།། སྔ་མ་གཉིས་ལ་དམན་པ་མྱེད།། རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ།། ས་སྟེང་འདི་ནི་ཐུལ་བར་འགྱུར།། དེ་ལ་རྒྱལ་ཕྲན། ཐམས་ཅད་ཀྱིས།། གཡུལ་འགྱེད་ཕྱིར་ནི་བསུ་བར་བྱེད།། དེ་དག་དང
161a6 ནི་བརྩོད་ནས་ཀྱང་།། དེས་ནི་མཚོན་མ་བཟོ་བ་མྱེད།། དེས་ན་ཆད་པ་མྱེད་པ་དང་།། འཐུན་པས་ལེགས་པ་གདུལ་བར་འགྱུར།། གང་ལ་མྱིའི་མ་ཡིན་པའི།། སྔགས་ཀྱི་འཁོར་ལོ་འབྱུང་འགྱུར་བ།། དེས
161a7 ནི་རྡུལ་ཁྲིམས་ཡང་དག་བླངས།། སྔ་མ་དག་ལས་དམན་པ་མྱེད།། རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ།། ས་སྟེང་འདྲི་ནི་བྲེལ་བར་འགྱུར།། དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱིས།། གསུལ་འབྱེད་ཕྱིར་ནི་བསླུ་བར་བྱེད།། དེ་དག་དང་མེ་དགེ།
161a8 བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིནད་དུ་བཅུག་པས་ན།། དེ་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་ག་དྲིས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཆེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ།། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར།
161a9 ཀའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྲུད་དང་བཅས་པ་དག་ཅིང་གཙང་ལ། མཁན་བཟོས་མ་བྱས་པ། ལྷ་རྗེས་རིལ་གིས་ལུགས་ལས་གྲུབ་པ་འབྱུང་བར