| e-texts navigator |
| Wylie |
160b1 འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ། ལྷའི་འཁོར་ལོ་རིན་པོ་ཆེ། དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ད་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར།
160b2 འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ། མཚན་མོའི་དགོངས་ལམ་འདེབས་སོ།། ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ།། ཐོས་ནས
160b3 ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ཀོ་ཆ་བགོས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ་འཁོར་ལོས་སྒྱུར
160b4 བའི་རྒྱལ་པོ་དང་། འཐབ་པ་དང་མཚང་འབྲུ་བ་དང་། འགྱེད་པ་དང་། རྩོད་པ་བྱེད་ཀྱི། མཚན་གཟོའ་བར་མྱི་བྱེད་དེ། དེ་དག་དང་འཐབ་པ་དང་། མཚང་འབྲུ་བ་དང་། འགྱེད་པ་དང་། རྩོད་པར་བྱེ་བྲག་ཕྱེ་ནས། དེའི་འོག
160b5 ཏུ་ཆད་པ་མྱེད་ཅིང་། མཚོན་གིས་བདབ་པ་མྱེད་ལ། ཆོས་དཔའཐུ་ན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ།། དེ་ནས་ལྔའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོག
160b6 ཀྱི་རྒྱ་མཚོའི་ཆེན་པོ་ལས་རྒལ་ནས་སྔོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་ཐ་ར་དུ་འོངས་ཏེ། ཀདན་ཆོམ་སའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན
160b7 དུ་གནས་སོ།། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་སྔགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྦྱར་བའི་རྒྱལ་པོ་དེས་ནི། སྔོན་ཀ་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། བདག་ཉིད་ཀྱིས་ཀྱང་། དགེ་བ
160b8 བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ། གནས་ལ་གཞན་དག་ཀྱང་དགེ་བ་དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱིས།། བསུ་ནས་ཀྱང་ནི་འདི་སྐད་སྦས་ཚུར་གཤེགས་ལྔ་ནི་གཤེགས་པ་ལེགས། ཡུལ་འདི་དག་ནི་ལྷའི་ལགས
160b9 འབྱོར་ད་པ་དང་། ནི་རྒྱས་པ་དང་།། བདེ་བ་དང་ནི་ལོ་ལེགས་དང་།། སྐྱེ་བོ་མྱི་མིང་རྣམས་ཀྱིས་གང་། འདི་དག་ལྷའི་ས་གདུལ་དུ་གསོལ།། བདག་ཅག་ལྷའི་ཞམ་འབྲིང་འཚལ།། རྒྱལ་པོའི་འཁོར་ལོས་སྒྱུར་བ་ཡིས།།