e-texts navigator
Collection
Volume
Page
Wylie

160a1 ལམ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིནད་དུ་བཅུག་པས་ན། གཞན་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་རུས་ཚེས་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ།། ཁྲུས་བྱས
160a2 ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཆེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས་སྟོང་པ། ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས
160a3 མ་བྱས་པ། ལཱ་རྫས་རིལ་གིས་ཟངས་ལས་གྲུབ་པ་འཐུང་བར་འགྱུར་ཏེ།། དེར་རྒྱལ་རིགས་སྐྱོ་བོ་ནས་དབང་སྐུར་བའི་རྒྱལ་པོས་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གི་འཁོར་ལོ་སྒྱུར་བའི་རྣམས་ཀྱི
160a4 གཏམ་ཐོས་ན་རྒྱལ་རིགས་ཀྱི་བོ་ནས་དབང་སྒྱུར་བའི་རྒྱལ་པོ་གང་། ཀསེ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱིའི། ཁྲུས་བྱས་ནས། གསོ་སྦྱོང་བླངས་ཏེ། བློན་པོ་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི།
160a5 ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩབས་སྟོང་པ། ལྟེ་བ། དང་བཅས་པ་མུ་ཁྲུད་དང་བཅས་པ། དག་ཅིང་གཙང་ལ་མཁན་པ། ཟོས་མ་བྱས་པ་སྐྲ་རྫས་རིལ་ཀིས་ཟངས་ལས་གྲུབ་པ་འབྱུང
160a6 བར་འགྱུར་བ་དེ།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། ཞེས་ཟེར་བ་དང་སྔར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས
160a7 སངས་ཏེ། ཐགོས་ཕྲག་པ་གཅིག་ཏུ་གཟམ་ནས། སྲས་མོ་གཡས་པའི་སྦྱང་ས་ལ་བཙུགས་ཏེ། ལཱའི་འཁོར་པོ་རིན་པོ་ཧཱུ~ཾ། ལག་པ་གཉིས་ཀྱིས་བླངས་ཏེ། ལག་པ་གཡོན་པར་བཞག་སོ།། འགྲ་པ་གཡས་པས
160a8 ཤར་ཕྱོགས་སུ་ཕུལ་ནས། འདི་སྐད་དུ། འཁོམ་ལོ་རིན་པོ་རྗེ། སྔོན་གི་འཕགས་པ་འཁོར་ལོས་སྤྲུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་པར་གིས་ཞིག། ཀྱེ་འཁོར་ལོ་རིན་པོའི། སྔོན་གི་འཕགས་པ
160a9 འཁོར་ལོས་སྒྱུར་བའི་ལམ་ཀང་ཡིན་པ་ལས་རྣམ་པར་རྒྱལ་བར་ཀིས་ཤིག། རྣམ་པར་རྒྱལ་བར་གིས་ཤིག་ཅེས་བྱས་ནས། ལྷའི་འཁོར་ལོ་རིན་པོ་ཆེ། སྔོན་ག་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར




iiif viewer powered by OpenSeadragon

159b - 160b

Texts on this page

Ng12.4 - rgyu gdags pa