e-texts navigator
Collection
Volume
Page
Wylie

159b1 ལྷའི་འཁོར་ལོ་རིན་པོ་མ། སྔོན་གི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་འགྲོ་བར་འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་། དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ། དེའི་ཕྱི་བཞིན
159b2 འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ། ཕྱོགས་གང་དུ་སྡོད་པ་དེར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ། མཚན་མོའི་དགོངས་མལ་འདེབས་སོ།། ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣཾས
159b3 ཀྱིས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་ཞེས་ཐོས་སོ།། ཐོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐད་དུ་འདོང་བར་ནི་མྱི་བྱེད་དེ།། གང་གི་ཚེ་འཁོར་ལོས་སྒྱུར་བའི་གཤེགས་པའི་ཚེ། མཆོད་ཡོན་ཁྱེར་ནས། འཁོར
159b4 སོས་སྒྱུར་བའི་རྒྱལ་པོ་ཀ་ལ་བ་དེར་དོང་སྟེ་ལྤགས་ནས། འདི་སྐད་དུ། ལྷ་ཚུར་གཤེགས། ལྷ་ཚུར་གཤེགས་པ་ལེགས་སོ།། ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་ད་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ
159b5 དང་། སྐྱེ་བོ་དང་མྱི་མང་པོས་གང་བ་ལགས་ཀྱིས་འདི་དག་ལྷས་ལེགས་པར་བཏུལ་དུ་གསོལ།། བདག་ཅག་ནི་ལྷའི་ཞམ་འབྲིང་འཚལ་ལོ་ཞེས་འཛེར་ཏོ།། འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་། དེ་དག
159b6 ལ་འདི་སྐད་ཅེས་ཡུལ་ཀི་གཙོ་བོ་དག་དེ་བས་ན། རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་འཐུན་པས་ལེགས་པར་ཐུལ་ཅིག། ཆོས་མ་ཡིན་པས་མ་བྱེད་ཅིག། ཡུལ་འཁོར་འདིར་ཆོས་མ་ཡིན་པ
159b7 སྤྱོད་པ་དང་། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་གཞུག་ཅིག། དེ་ལྟར་བྱེད་དང་ཁྱེད་ངའི་ཞམ་འབྲིང་བྱེད་པ་མ་ཡིན་ནོ་ཞེས་བསྐེའོ།། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས
159b8 ཀྱི་རྒྱ་མཚོ་ཆེན་པོ་ལས་རྒལ་ནས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་སའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ།།
159b9 དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི།། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། བདག་ཉིད་ཀྱིས་ཀྱང་། དགེ་བ་བཅུའི་ལས་ཀྱི




iiif viewer powered by OpenSeadragon

159a - 160a

Texts on this page

Ng12.4 - rgyu gdags pa