e-texts navigator
Collection
Volume
Page
Wylie

159a1 འཁོར་ལོས་སྦྱར་བའི་རྒྱལ་པོ་དེས་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ།། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ།
159a2 ཡང་དག་པར་འཛནད་དུ་བཅུག་པས་ན་དེ་ལ་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་ག་དུས་ཀྱི་ཚེས་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས། གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས
159a3 ནས་ལྔའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་མུ་ཁྲུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། སྭ་རྫས་རིལ་ཀིས་དངུལ་ལས་གྲུབ་པར་འབྱུང་བར་འགྱུར་ཏེ།། དེར་རྒྱལ་རིགས་སྤྱི་བོ་ནས་དབང
159a4 བསྐུར་བའི་རྒྱལ་པོས་མཐོང་ནས། དེ་འདི་སྙམ་དུ་སེམས་ཏེ་བདག་གིས་སྔོན་གི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན་རྒྱལ་རིགས་ཀྱིའོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ། གསོ་སྦྱོང
159a5 གི་དུས་ཆེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས། གསོ་སྐྱེ། ང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་དང་། ཉི་མ་འཆར། ཀའི་ཚེ། ཤར་ཕྱོགས་ནས། ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས
159a6 སྟོང་པ། ལྟེ་བ་དང་བཅས་མུ་ཞུད་དང་བཅས་པ། དག་ཅིང་གཙངས་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གིས་དངུལ་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ
159a7 དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་གཟར་ནས། པུས་མོ་གཡས་པའི་སྟ་བས་ལ་བཙུགས་ཏེ
159a8 སཱའི་འཁོར་ལོ་རིན་པོ་ཆེ། ལག་པ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ།། འཁོར་ལོ་རིན་པོ་ཆེ། སྔོན་གི་འཕགས་པ་འཁོར་ལོས་སྨྲར
159a9 བའི་ལམ་གང་ཡིན་པ་ལས། རྣམ་པར་རྒྱལ་གྱིས་ཤིག། ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གིས་ཤིག། རྣམ་པར་རྒྱལ་བར་གིས་ཤིག་ཅེས་བྱས་ན




iiif viewer powered by OpenSeadragon

158b - 159b

Texts on this page

Ng12.4 - rgyu gdags pa