| e-texts navigator |
| Wylie |
158b1 འཕགས་པ་འཁོར་ལོས་སྦྱར་བའི་ལམ་གང་ཡིན་པ་ལས། རྣམ་པར་རྒྱལ་བར་གིས་ཤིག། རྣམ་པར་རྒྱལ་བར་གིས་ཤིག་ཅེས་བྱས་ནས། ལཱའི་འཁོར་ལོ་རིན་པོ་ཆེ། སྔོན་གི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར
158b2 འགྱུར་རོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། སྨན་གཅིག་ཏུ། ལྷའི་འཁོར་ལོ་རིན་པོ་ཆེ། དེའི་ཕྱི་བཞིན་དུ་འགྲོ་བར་གྱུར་ད་ལ། ལྷའི་འཁོར་ལོ་རིན་པོ་ཆེ། ཕྱོགས་གང་སྡོད་པ་དེར།
158b3 འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྡན་གཅིག་ཏུ། མཚན་མོའི་དགོངས་མལ་འདེབས་སོ།། ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས
158b4 ཟོས་སོ།། ཐོས་ནས་ཀྱང་མཆོད་ཡོན་ཁྱེར་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྤགས་ནས། འདི་སྐད་དུ། ལྷ་ཚུར་གཤེགས། ལྷ་གཤེགས་པ་ལེགས་སོ།། ཡུལ་འདི་དག
158b5 ནི་ལྷའི་ལགས་ཏེ། འབྱོར་ད་པ་དང་། རྒྱས་པ་དང་། བདེ། བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མྱི་མང་པོས་གང་བ། ལགས་ཀྱིས་འདི་དག་ལྷས་ལེགས་པར་གདུལ་དུ་གསོལ
158b6 བདག་ནི་ལྔའི་ཞམ་འབྲིང་འཚལ་ལོ་ཞེས་འཛེན་ཏོ།། འཁོར་ལོ་ས་སྒྱུར་བའི་རྒྱལ་པོས་ཀྱང་། དེ་དག་ལ་འདི་སྐད་དུ། ཡུལ་ཀི་མྱི་གཙོ་བོ་དག་དེ་བས་ན། རང་རང་གི་ཡུལ་འཁོར་ཇི་ལྟ་པ་བཞིན
158b7 དུ། ཆོས་དང་མཐུན་པར་ལེགས་པར་ཐུལ་ཅིག། ཆོས་མ་ཡིན་པ་ལ་མ་བྱེད་ཅིག།། ཡུལ་འཁོར་འདིར་ཆོས་མ་ཡིན་པར་པྱོད་པ་དང་། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་བཞུག་ཅིག། དེ་ལྟར་བྱེད་དང་ཁྱེད་པའི
158b8 ཞམ་འབྲིང་བྱེད་པ་མ་ཡིན་ནོ།། ཞེས་བསྐོའོ།། དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས། ཤར་ཕྱོགས་ལེགས་པར་ཕབ་སྟེ། ཤར་ཕྱོགས་ཀྱི་རྒྱ་མཚོའ་ཆེན་པོ་རྒལ་ནས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང
158b9 བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ།། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ།། དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གིས་དངུལ་གི་འཁོར་ལོ་འབྱུང་བར་འགྱུར་བའི