| e-texts navigator |
| Wylie |
158a1 ཏྲསྤྲུར་བའི་རྒྱལ་པོ་ཡང་ཡོད་དོ།། དེ་ལ་འཁོར་ལོས་སྦྱར་བའི་རྒྱལ་པོ་གང་གིས་གསེར་གི་འཁོར་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས། སྔོན་ཀི་སྲིད་པ་ཞེས་བྱ་གནས་རྒྱས་པ་མ་སྤུ
158a2 བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དག་པ་ཡང་དག་པར་བླངས་ཏེ། གནས་ལ་གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིནད་དུ་བཅུག་པས། དེ་གསོ་སྦྱོང་གི་དུས་ཀྱི་ཚེས་བཅོ་ལྔ་པ་དེ་ཉིད་ཀྱི
158a3 ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་ཤར་ཀའི་ཚེ། ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ། རྩིབས་སྟོང་པ། ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ། དག་ཅིང་གཅང
158a4 ལ་མཁན་བཟོས་མ་བྱས་པ།། ལྷ་རྫས་རིལ་གིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོས་མ་ཟོང་ནས། དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་འཁོར་ལོས
158a5 སྦྱར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོ་གང་ལ། གསོ་སྦྱོང་གི་དུས་ཀྱི་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར
158a6 བ་ན། ཉི་མ་འཆར་ཀའི་ཚེ། ཤར་ཕྱོགས་ནས། ལྔའི་འཁོར་ལོ་རིན་པོ་ཆེ་མིབས་སྟོང་པ། ལྟེ་བ་དང་བཅས། མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ། མཁན་བཟོས་མ་བྱས་པ། ལྷ་རྫས་རིལ
158a7 གིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ།། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ།། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ།
158a8 སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་ཅིག་ཏུ་གཟར་ནས། པུས་པོ་གཡས་པའི་སྨྲ་བས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ། ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། སན
158a9 པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས། འདི་སྐད་དུ། འཁོར་ལོ་རིན་པོ་ཆེ་སྔོན་གི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གིས་ཤིག། ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་པ