| e-texts navigator |
| Wylie |
157b1 དང་ནུབ་ཕྱོགས་ལེགས་པར་བཏུལ་ཏེ། ནུབ་ཕྱོགས་ཀྱི་རྒྱ་མཚོ་ལས་རྒལ་ནས། བྱང་ཕྱོགས་སུ་སྔོན་གི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་དེ་ལོགས་སུ་འགྲོ་སྟེ།། འཁོར་ལོས་སྒྱུར་བའི་ལམ་དེར་ལྷའི་འཁོར་ལོ་རིན
157b2 པོ་ཆེ་འགྲོའོ།། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་། དཔུང་ག་ཚོགས་ཡན་ལག་བཞི་པ་དང་། སྨན་གཅིག་ཏུ། སྭའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ལ། ལཱའི་འཁོར་ལོ་རིན་པོ་ཆེ། ཕྱོགས་གང་དུ་སྡོད
157b3 པ་དེར། འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་། ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ།། བྱང་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ
157b4 ག་ལ་བ་དེར་དོང་སྟེ། ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་ད་པ་བཞིན་དུ་བརྗོད་པར་བྱའོ།། དེ་ནས་ལྔའི་འཁོར་ལོ་རིན་པོ་ཆེས་བྱང་ཕྱོགས་ལེགས་པར་བཏུལ་ཏེ།། བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་རྒལ་ནས།
157b5 རྒྱས་པོའི་ཕོ་བྲང་དེ་ཉིད་དུ་འོང་སྟེ། གདན་ཆོམ་སའི་སྟེང་ན། སྲོ།། གཤིང་ལ་བཞག་པ་བཞིན་དུ་གནས་སོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། སྲོག་གཅོད་པ་ནི་སྤངས་པ་དང་།
157b6 མ་བྱིན།། ལེན་པ་སྤངས་པ་དང་། གཞན་གི་ཆུང་མ་སྤངས་པ་དེ་ང། དབེན་སྨྲ་ཕྲ་མ་མྱི་བྱེད་དང་། ཚིག་རྩུབ་སྨྲ་བར་མྱི་བྱེད་དང་། ས་མྱིན་ཀུན་ཏུ་སྨྲ་མྱི་བྱེད། ནོར་རྣམས་ལ་ནི་བན་པས་སེམས
157b7 མྱེད།། ལོག་པར་ལྟ་བ་སྤངས་ནས་ཀྱང་།། ཡང་དག་ལྟ་བ་འཔྱོད་པར་གྱུར་།། དཀར་པོའི་ལས་ལམ་བཅུ་པ་རྣམས།། སྔོན་ནི་ཡང་དག་བླངས་པར་གྱུར་དུ།། དེས་ན་འཁོར་ལོ་རྩ་བས་སྟོང་པ།། ལྟེ་བར་བཅས་དང་མུ་ཁྱུད་བཅས
157b8 རྒྱལ་པོ་ཡིས་ནི་ཐོབ་པར་གྱུར་ད།། གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བཞི་ཡོད་དེ། གང་གི་གསེར་ཀི་འཁོར་ལོ་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ།། གང་གི་དངུལ་གི་འཁོར་ལོ
157b9 འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ།། གང་གི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ།། གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས