e-texts navigator
Collection
Volume
Page
Wylie

152a1 བོང་པའམ། དབྱིག་པ་འམ། མརྩོན་མས། བརྫུན་པར་བྱ་བ་གང་ཡང་རུང་བས།། མཐོ་བཙམ་པས་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས། པས་དང་། ཉེ་དུ་དང་། གན་རབས་དང་། ཐམ་སྠཱ
152a2 རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མྱི་དཀའ་བ་གང་ཡིན་པ་དེ་དག་ལ་མཐུན་པའི་སྨན་རྣམས་དང་། ཕན་པའི་ཟས་རྣམས་དང་། འཚམ་ཁའི་གཡོག་རྣམས་བྱིན་ཏེ། དེ་ལས་དེ་དང
152a3 ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས། ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས་ཐམས་འདིར་མྱི་རྣམས་དང
152a4 སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚོན་རེ་བྲོ་བོའི་མཆོག་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལྡ་ཏེ་ཁྱིམ་པར
152a5 འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ།། བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པ་ཅུང་ཞིག་ནད་མྱེད་པའི་རང་བཞིན་ཅན་དུ་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར
152a6 བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། གལ་ཏེ་སྒྲ་དང་ཁ་སྤུ་རྣམས་བྲེ་གས་ཏེ།། གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མྱེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་འརྟེན་དུ་དེ་བཞིན
152a7 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ།། གནོད་པ་ཆུང་ཞིང་ནད་མྱེད་པའི་རང་བཞིན་ཅན་དུ་འགྱུར་བ་དང་།། བཀུར་སྟི
152a8 བྱེད་བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།། འདི་ནི་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ།། དེ་ལ་འདི་སྐད་ཅེས་བྱའོ།། དེའི་ལུས་ལ་རོ་རྣམས་བྲོ་བའི་མཆོག། སྔོན་འཁོར་བའི་ཚེ་ན་གང
152a9 ལས་གྱུར་།། ལག་པའམ་ཡང་ན་དབྱིག་པ་མཚོན་ཆ་ཡིས།། སེམས་ཅན་སུ་ལ་ཡང་གནོད་པར་མ་བྱས་ལ། ཕ་མ་དང་ནི་དགེ་སློང་བྲམ་ཟེ་རྣམས།། སྔོན་ནི་ནད་ཀྱི་གསོས་སྨན་དག་ཀྱང་བྱིན།། ལས་དགེ་བདེ་བ་སྐྱིད་པ




iiif viewer powered by OpenSeadragon

151b - 152b

Texts on this page

Ng12.4 - rgyu gdags pa