| e-texts navigator |
| Wylie |
151b1 དུ་ཕྱིར་གཏོང་བར་གྱི་བྱའོ་སྙམ་སྟེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས། ལུས་ཞིག་ནས་དགའ་ལྡན་ཀི་ས་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།།
151b2 དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེའི་འདྲ་བ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས
151b3 ནི་འདི་ཡིན་ཏེ།། གལ་ཏེ་ཁྱིམ་པ་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྤྲུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། ཅི་འདོད་པ་དང་། མི་བསམ་པ་དང་། ཅི་སྒྲུབ་པ་དེ་དག་ཐམས་ཅད་རྫོགས་པར་ཐོད
151b4 བར་འགྱུར་བ་དང་། བཀུམ་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པྲར་སྦྱར་རོ།། གལ་ཏེ་སྒྲ་དཔའ་སྤུ་རྣམས་བྲེགས་ཏེ། ཀོས་ངུར་སྨྲིག་དག་པ་གོས་ནས། དད་པས་ཁྱིམ་ནས་ཁྱིམ་བྱེད་པར་ལེགས་པ་ཁོ་ནར་རབ་ཏུ
151b5 བྱུང་ན་ནི།། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡ་ད་ག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར། རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། མི་བཞེད་པ་དང་། ཅི་དགོངས་པ
151b6 དང་ཅི་སྒྲུབ་པ་དེ་དག་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུབ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་འདི་ནི་དེའི་ལྗགས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེས
151b7 འདི་སྐད་ཅེས་བྱའོ།། སྔོན་གི་ཚེ་རབས་གཞན་དུ་སྟོནད་པའི།། ཐུགས་ཀྱི་ཐུགས་དམ་བཅས་པ་འདི་ཡིན་ཏེ།། བདག་ལ་སུ་ཡང་རུང་བ་ཇི་སྐོང་ཡང་།། དེ་ནི་བདག་གིས་མ་བྱིན་མྱི་བཏང་སྙམ།། དེ་ལྟར་བརྟུལ་ཞུགས་དམ་པ་རྣམ་པ་གསུམ
151b8 མཚན་རྫོགས་དེའི་དགོངས་པར་ལྡན་པ་ཡིས།། སྔོན་གི་ཚེ་རབས་གཞན་དུ་བླངས་པར་གྱུར་།། ལས་ཀྱི་རྣམ་སྦྱིན་དེས་ན་དྲང་སྲོང་ཆེ།། རྒྱལ་བའི་འགྲམ་པ་སེང་གེའི་འདྲ་བར་གྱུར།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན
151b9 རོ་བྲོ་བའི་མཆོག་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི། སྔོན་གི་སྲེད་པ་ཞེས་བྱ་བ་ནས། རྒྱས་པར་བསྒྱུར་ཏེ། མཐོ་བ་ཙམ་པ་མྱེད་པའི་རང་བཞིན་ཅན་དུ་གྱུར་ད་ནཱ།། དེས་སེམས་ཅན་སུ་ལ་འང། ལག་པའམ