e-texts navigator
Collection
Volume
Page
Wylie

151a1 འི་སེམས་ཀྱིས་ཁྱབ་པར་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའི་ནི་རྟོག་པར་བྱེད་ཅིང་སེམས་ཀྱི་རང་བཞིན་དུ་གྱུར་ཏེ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ
151a2 དེ་ལྟ་བུས། ལུས་ཞག་ནས་དགའ་ལྡན་ག་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།།
151a3 དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར
151a4 རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་གྲཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས
151a5 དད་པས་ཁྱིམ་ནས་ཁྱིམ་མྱེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར
151a6 དུ་གསུངས་ཏེ།། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་གཅེས་པར་བྱེད། བཀྲ་ར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ།། དེ་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད
151a7 ཅེས་བྱའོ།། སྔོན་ནི་གང་གིས་མཆེ་བ་ལ་དཀར་བའི།། མཚན་ནི་གང་གིས་ཐོབ་གྱུར་ད་དེ་ཉོན་ཅིག།། འདོད་པ་དག་ན་འཔྱོད་པའི་བྱམས་པ་ཐོབ།། རྟོག་པར་བྱེད་དང་སེམས་པར་གྱུར་པ་སྟེ།། ལས་དགེ་བདེ་བ་སྐྱེད་པར་བྱེད་པའི།
151a8 རབས་གཞན་དག་ཏུ་ནི་སྟོནད་པས་མཛད།། ལས་ཀྱི་རྣམ་པར་སྨྱིན་པ་དེ་ཡིས་ན།། བཅོམ་ལྡན་མཆེ་བ་ཤིན་ཏུ་དཀར་བར་གྱུར་།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས།། སྐྱེས་བུའི་མཚན་འགྲམ་པ་སེང་གེའི་འདྲ་བ་ཐོབ་ཅེ་ན། སྨྲས
151a9 པ་བྱང་ཆུབ་སེམས་དཔས་ནི་སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སེམས་ཀྱིས་འདི་ལྟ་བུ་ཡི་དམ་དུ་བཅས་ཏེ། བདག་ལ་སུ་ཡང་རུང་བ་ཅི་སློང་ཡང་དེ་བདག་ལ་ཡོད་ན་བདག་གིས་དེ་ལ་སྦྱིན་པར་བྱ་སྟེ།། མ་བྱིན་གི་བར




iiif viewer powered by OpenSeadragon

150b - 151b

Texts on this page

Ng12.4 - rgyu gdags pa