e-texts navigator
Collection
Volume
Page
Wylie

150b1 གདུང་བར་མྱི་བྱེད་ཅིང་། ཡོངསུ་ཡི་འཆད་པར་མྱི་བྱེད་དེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས། སུས་ཞིག་ནས་དགལ་ལྡན་གི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ།།
150b2 ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ།། དེ་དེ་ནས་ཤི་འཕོས་ནས། ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་ས
150b3 བཞི་བཅུ་དང་སོ་མཉམ་པ་དང་། སོ་ཐགས་བཟང་བ་གསུམ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོམ་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས
150b4 པར་སྦྱར་ཏེ། མྱི་ཕྱེད་པའི་འཁོར་དང་ལྡན་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། གལ་ཏེ་སྐྲ་དང་ཁ་སྤུན་མ་ས་བྲེགས་ཏེ།། གོས་ངུར་སྨྲིག་དག་བགོས་ནས་ཤེས་བྱ་བ་ནས་རབ་ཏུ་བྱུང
150b5 མནི།། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རརྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས་པར་འགྱུར། རོ་ཞེས་བྱ་བའི་བར་དུ་གསུངས་ཏེ།། མྱི་ཕྱེད་པའི་འཁོར་དང་ལྡན་པ་དམ
150b6 བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ།། འདི་ན་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། གང་གིས་སོ་ནི་བཞི་བཅུར་གྱུརྡ་པ་དང་།། སོ་མཉམ་པ་དང
150b7 བགས་ནི་བབང་པོར་གྱུ་རང་།། གལ་ཏེ་འཕྲམ་དབྱེན་དུ་གྱུར་པའི་ཚིག། དབྱེ་བར་བྱེད་པ་རྣམ་པར་སྤོང་བ་དང་།། སྔོན་ན་བྱེ་བ་རྣམས་ཀྱང་འཐུན་པར་བྱས།། འདིའི་འདུས་པ་རྣམས་ཀྱིས་དེ་བཞིན་དཀའ།། དེ་བཞིན་དུ་ནི་མ་གུ་ཞིང
150b8 རངས་པར་གྱུར་པ།། ལས་དགེ་བདེ་བ་སྐྱིད་པ་བྱེད་པ་འདི།། ཚེ་རབས་གཞན་དག་དུ་ནི་སྟོན་པས་མཛད།། ལས་ཀྱི་རྣམ་པར་སྨྱིན་པ་དེ་ཡིས་ན།། སྟོན་པའི་སྐུ་ལ་མཚན་གསུམ་འབྱུང་བར་གྱུར་དེ།། ཅིའི་ཕྱིར་བྱང་ཆུབ་སེམས་དཔས།།
150b9 སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་ཅེ་ན།། སྨྲས་པ།། བྱང་ཆུབ་སེམས་དཔས་ནི།། སྔོན་གི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། འདོད་པ་ན་པྱོད་པའི་བྱམས་པ་ཐོབ་ནས།། སེམས་ཅན་ཐམས་ཅད་ལ་བྱམས་པ།




iiif viewer powered by OpenSeadragon

150a - 151a

Texts on this page

Ng12.4 - rgyu gdags pa