e-texts navigator
Collection
Volume
Page
Wylie

150a1 པར་འགྱུར་རོ།། ཞེས་བྱ་བའི་བར་དུ་གསུངས་ཏེ། བདེ་བར་བྱས་པ་དང་། དགེ་བབྱེད་པ་གཙོ་བོར་གྱུར་ས་། གཙོ་བོར་བསྒོ་བ་བྱེད་པ་དང་། བཀུངས་བྱེད། བླ་མར་བྱེད་ཅེས་བྱ་བའི་བ་རྡ་རྨམ་པར་བྱ
150a2 འདོན་དེའི་སྔག་ས་ཡིན་ནོ།། འདིས་ཆོས་ཉིད་ནི་འདི་ན་ཏེ།། དེ་ལ་འདྲི་སྐ་བེས་བྱའོ།། ནགས་ཀྱང་སེ་གེའི་རྒྱལ་པོའི་བཞིནས།། གང་གིས་རི་སྲིད་སེ་གེ་འདྲ་པར་གྱུ་།། སྐྱོན་ནི་ནལ་ག་ཤིན་དུ་ས་ཐ་ན་དང་།
150a3 ཡང་ནི་ཤིན་ཏུ་ཟླུམ་པར་གྱུར།། ནན་གྱིས་མྱི་འཛིན་མཆོག་ཏུ་འཛིདད་པ་མྱེད།། ཉེས་པར་བསམས་པ་ལེགས་སྤངས་རྟུལ་ཞུགས་བཟང་།། དགེ་སློང་བྲམ་ཟེ་རྣམས་ཀྱིས་བཟོད་པར་བྱེད།། དེས་ནི་གནང་བར་བྱས་པའི་ཆོས
150a4 རྣམས་ཀནང་།། བདེ་བར་བྱས་དང་དགེ་བ་བྱེད་པའི་གཙོ།། དེ་དང་དེར་ཡ་གཙོ་བོར་སྐོ་བར་གྱུར།། ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི།། ཚེ་རབས་གཞན་དག་དུ་ནི་སྟོན་པས་མཛད།། ལས་ཀྱི་རྣམ་སྦྱིན་དེས་ན་སྟོན་པ་ཡི
150a5 སྐུ་ལ་མཚན་ནི་འདི་གསུམ་འབྱུང་བར་གྱུར་།། ཅིའི་ཕྱིར་བྱང་ཆུབ་སེམ་ས་དཔས།། སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང་། སོ་མཉམ་པ་དང་། སོ་ཐགས་བཟང་བ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ
150a6 སེམས་དཔས་ནི། སྔོན་ཀི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕྲ་མའི་ཚིག་སྤངས་པ། ཕྲ་མའི་ཚིག་ལས་སྦར་ལོག་སྟེ།། ཆུ་རོལ་པ་རྣམས་ཀྱི་ཚིག་ཟོས་ན། ཆུ་རོལ་པ་རྣམས་དབྱེ་བའི་ཕྱིར།
150a7 རོ་ལད་པ་རྣམས་ལ་མ་བསྙད་ལ། ཕ་རོལ་པ་རྣམས་ཀྱི་ཚིག་ཟོས་ནའང་།། ཕ་རོལ་པ་རྣམས་དབྱེ་བའི་ཕྱིར།། ཚུ་རོལྡ་པ་རྣམས་ཀྱི་ཐད་དུ་འོངས་ཏེ་མ་སྙད་དོ།། དེ་ལྟར་དབྱེ་བའི་རྣམས་གཅིག་ཏུ་སྡུད་པ་དང་།། འདུས
150a8 པ་རྣམས་ལ་རྗེས་སུ་དཀའ་བ་དང་།། མཐུན་པར་དགའ་ཞིང་མཐུན་པར་མོས་ཏེ།། མཐུན་པར་འགྱུར་བའི་ཚིག་སྨྲ་བ་དང་།། གཞན་ཡང་བྱང་ཆུབ་སེམས་དཔས། སེམས་ཅན་བྱེ་བ་རྣམས་དང་། ཀུན་ཏུ་བྱེ་བ་རྣམས་དང་།
150a9 རྣམ་པར་དབྱེ་བ་རྣམས་དང་། སྡུམས་མ་བྱས་པ་རྣམས་ཀྱི། སྡུམས་བྱས་ཤིང་མཐུན་པར་བྱས་ཏེ། ཡང་དག་པར་དགའ་བར་བྱས་ནས། མཐུན་པ་དང་འདུས་པ་དེ་དག་གིས།། དགའ་ཞིང་མངོན་པར་དཀའ་ལ།། དེས




iiif viewer powered by OpenSeadragon

149b - 150b

Texts on this page

Ng12.4 - rgyu gdags pa