e-texts navigator
Collection
Volume
Page
Wylie

149b1 མུ་དེ་བཞིན་རོལ་མོའི་སྡེ།། མར་མེ་དག་དང་གནས་དང་སལ་མ་བྱིད།། ལས་དགེ་བདེ་བ་སྐྱིད་པ་བྱེད་པ་འདི་ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད།། ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་མ།། བཅོམ་ལྡན་དེའི་བདུན་ནི་མཐོ་བར་གྱུར།
149b2 ཅིའི་ཕྱིར་བྱང་ཆུབ་སེམས་དཔས། སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་དང་། ཐལ་གོང་བྱས་པ་དང་། དཔུང་མགོ་གན་ཏུ་ཟླུམ་པ་གསུམ་ཐོབ་ཆེན། སྦས་པ། བྱང་ཆུབ་སེམས་དཔས་ནི། སྔོན་ག་སྲིད་པ་ཞེས་བྱ་བ་ནས་རྒྱས
149b3 པར་སྦྱར་ཏེ། ནན་ཀྱིས་འཛིན་པར་མི་བྱེད་པ་དང་། མཆོག་ཏུ་འཛིན་པ་སྐྱེད་པ་དང་། ཉེས་པར་བསམ་པ་ལེགས་པར་འདོར་པ་དང་། རུས་པོ་ཆེར་སྦ་བར་གྱི་བྱེད་པ་དང་། གཞན་སང་བྱང་ཆུབ་སེམས་དབུས། དགེ་སློང་དང་བྲམ་ཟེ་མ
149b4 པ་དེ་དཔ་དེ་དག་པ། བརྗོད་པར་བྱ་བའི་རྣམ་གྲངས་སྣ་ཚོགས་སྟོན་ཏེ། གནང་བར་བྱ་བ་དག་ལ་རྗེས་སུ་གནང་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔས།། ཚུལ་པོ་བྱེད་དམ། རྣོན་པོ་བྱེད་ན། བདེ་བར་བྱས་པ་དང་།
149b5 དགེ་བ་བྱེད་པའི་གཙོ་བོར་གྱུར་ད་ཅིང་།། གཙོ་བོར་སྐོ་བ་བྱས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང
149b6 སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་འི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས
149b7 བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་འགོ་ཤིན་ཏུ་ཟླུམ་པ་གསུམ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོས་སྒྱུར
149b8 བའི་རྒྱལ་པོ་མཐལ་བཞིར་རྒྱལ་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདེ་བར་བྱས་པ་དང་། དགེ་བར་བྱེད་པའི་གཙོ་བོར་གྱུརྡ་ཅིང་།། གཙོ་བོར་སྒོ་བ་བྱས་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།
149b9 གལ་ཏེ་སྒྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ཏེ། ཤེས་བྱ་བ་ནས་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས




iiif viewer powered by OpenSeadragon

149a - 150a

Texts on this page

Ng12.4 - rgyu gdags pa