| e-texts navigator |
| Wylie |
149a1 རྒྱུད་རྒྱ་ཆེན་པོས་རྣམ་པར་དག་པ་དང་། ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་ཏེ།། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས། ལུས་ཞིག་ནས། དགའ་ལྡན་ཀ
149a2 ལྔ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མྱི་རྣམས་དང་། སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས
149a3 བུ་ཆེན་པོའི་མཚན་ལུས་ཀྱི་མདུན་མཐོ་བ་ཐོབ་པར་འགྱུར་རོ།། དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི།། འཁོར་ལོ་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེའི་གྲོང
149a4 དང་ཐང་ཁྱེར་དང་། ལྗོངས་རྣམས་དང་། མཛོད་དང་བང་མཛོད་ལ་སྤོགས་པ། མཐོ་བར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ།། གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས
149a5 ངུར་སྨྲིག་དག་བགོས་ནས། ཤེས་བྱ་བ་ནས་རབ་ཏུ་བྱུང་ན་ནི། འཇིག། རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པ།། འི་སངས་རྒྱས་སུ་འགྱུར་ཏེ།། སྒྲ་ཆེར་གྲགས་པར་འགྱུར། ཞེས
149a6 བྱ་བའི་བར་དུ་གསུངས་ཏེ།། དེ་མངོན་པར་འབྱུང་བ་དང་། བདེན་པ་ལས་སྐྱེས་པའི་ཆོས་རྣམས་དང་། བསམ་གཏན་དང་རྣམ་པར་ཐརྡ་པ་དང་། ཏིང་ངེ་འཛིནད་དང་སྙོམས་པར་འཇུག་པ་དང་། ཡིད་ལ་བྱེད་པའི།
149a7 ཁྱད་པར་ཐོབ་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ།། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ།། ལོ་གྲངས་དྲུག་བཅུ་སོན་པའི།
149a8 མང་པོ་ལྟར།། སྔན་གང་གོས་བདུན་ནི་མཐོ་བར་འགྱུར།། ལག་པ་རྐང་པ་དེ་བཞིན་ཐལ་གོང་དང་། སྟུག་པར་གང་གིས་མཚན་རྣམས་འབྱུང་བར་འགྱུར།། དེས་ནི་སྔོན་ཀ་སྐྱེ་བ་སྦྱིན་པ་བྱིན། དགེ་སློང་རྣམས་དང
149a9 དེ་བཞིན་བྲམ་ཟེ་ས། དཀབ་པ་དང་ནི་སྐོམ་དཔབས་རྣམས་བྱིན།། དེ་བཞིན་འདྲོན་དང་སློང་དང་སྡུག་འཕོངས་ལ། ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། སྤོས་དང་མེ་ཏོག་འཕྲེང་དང་བྱུག་པ་དང་། གདུག་པ་ཕྱེ